དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱ་གར་གྱི་མགྲོན་ཁང་3000གིས་ཀྲུང་གོ་བར་སྣེ་ལེན་བྱེད་ཀྱི་མེད་པ།

སྤེལ་དུས 2020-06-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         རྒྱ་གར་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པའི་མགྲོན་ཁང་དང་ཟ་ཁང་ལས་རིགས་ཀྱི་རྩ་འཛུགས་ཞིག་གིས་གཟའ་འཁོར་འདིའི་གཟའ་ཕུར་བུའི་ཉིན་རྩ་འཛུགས་དེའི་ཁོངས་གཏོགས་ཀྱི་མགྲོན་ཁང་3000གིས་ཀྲུང་གོའི་སྤྱི་དམངས་སུ་ལའང་ཞག་སྡོད་ཞབས་ཞུ་བྱེད་མི་སྲིད་ཅེས་བརྗོད་ཡོད་པ་རེད།
         ཧིན་རྡུ་སི་ཐན་སྐབས་དོན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གཏན་འབེབས་དེ་བཟོ་མཁན་གྱི་ལས་རིགས་རྩ་འཛུགས་དེའི་མིང་ལ“རྡི་ལིའི་མགྲོན་ཁང་དང་ཟ་ཁང་བདག་པོའི་མཐུན་ཚོགས”(The Delhi Hotel and Restaurants Owners Association)ཟེར་བ་དང་། རྩ་འཛུགས་དེས་“རྒྱ་གར་ཡོངས་ཀྱི་ཉོ་ཚོང་པའི་མངའ་སྡེའི་མཉམ་འབྲེལ་”(the Confederation of All India Traders)ཞེས་པའི་ཉོ་ཚོང་ལས་རིགས་གཞན་ཞིག་གིས་ཀྲུང་གོའི་ཚོང་ཟོག་བཀག་འགོག་བྱ་རྒྱུའི་རེ་འབོད་བྱས་པའི་རྗེས་སུ་ཀྲུང་གོ་བ་བཀག་འགོག་བྱ་རྒྱུའི་ཐག་གཅོད་བྱས་པ་ཞིག་རེད་འདུག
         རྩ་འཛུགས་དེའི་དྲུང་ཡིག་ཆེན་མོས། ཁོ་ཚོས་དེ་ལྟར་བྱེད་དོན་ནི་ཟླ་6ཚེས་15ཉིན་གྱི་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་གདོང་ཐུག་རྗེས་སུ་ས་གནས་དེ་གའི་མགྲོན་ཁང་གཉེར་སྐྱོང་པ་མང་པོ་ཞིག་གིས“ཀྲུང་གོས་རྒྱ་གར་ལ་འཛིན་པའི་བྱེད་སྟངས”ལ་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་“རྒྱ་གར་ཡོངས་ཀྱི་ཉོ་ཚོང་པའི་མངའ་སྡེའི་མཉམ་འབྲེལ་”གྱིས་ཀྲུང་གོའི་ཚོང་ཟོག་བཀག་འགོག་བྱས་རྗེས། མགྲོན་ཁང་གཉེར་སྐྱོང་མཁན་དེ་དག་གིས་ཀྱང་དེའི་ནང་ཞུགས་རྒྱུའི་ཐག་བཅད་དེ། དེའི་ཁོངས་གཏོགས་ཀྱི་མགྲོན་ཁང་ལ་ཀྲུང་གོའི་ཐོན་རྫས་གང་ཡང་ཉོ་རུ་མི་འཇུག་པ་མ་ཟད། ཀྲུང་གོ་བ་ཚོར་མགྲོན་ཁང་གི་ཞབས་ཞུ་ཡང་མཁོ་འདོན་མི་བྱེད་ཅེས་བཤད་འདུག
         ཧིན་རྡུ་སི་ཐན་སྐབས་དོན་ཚགས་པར་ཐོག་ངོ་སྤྲོད་བྱས་དོན། རྒྱ་གར་གྱི་རྒྱལ་སའི་མགྲོན་ཁང་དང་ཟ་ཁང་ལས་རིགས་ཀྱི་རྩ་འཛུགས་དེས་ཁོ་ཚོར་རྡི་ལི་གསར་པར་མགྲོན་ཁང་3000ཡོད་ཅིང་ཁྱོན་ཁང་མིག་ཁྲི་7.5ཡོད་པ་དང་། མགྲོན་ཁང་དེ་དག་ནི་སྤྱིར་བཏང་དུ་གོང་ཁེ་བའི་མགྲོན་ཁང་ཡིན།
         ཡིན་ནའང་ཧིན་རྡུ་སི་ཐན་སྐབས་དོན་ཚགས་པར་ཐོག་ད་དུང་བསྟན་དོན། ཏོག་གསར་རིམས་ནད་ཀྱི་རྐྱེན་གྱིས་རྒྱ་གར་གྱི་རྒྱལ་སའི་མགྲོན་ཁང་མང་པོ་ཞིག་གིས་ཀྱང་ལས་སྒོ་གཉེར་མེད་པ་རེད།
         གླེང་རིན་ཡོད་པ་ཞིག་ནི་རྒྱ་གར་ནི་མ་གཞི་ནས་ཀྲུང་གོའི་ཕྱིར་སྐྱོད་ཡུལ་སྐོར་ཚོགས་སྤྱིའི་ཡུལ་སྐོར་བྱ་ཡུལ་གཙོ་བོ་ཞིག་མིན་པ་དང་། 2018ལོའི་གསར་འགྱུར་ཞིག་གི་ནང་། རྒྱ་གར་རྒྱལ་ཁབ་ཡུལ་སྐོར་པུའུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། 2017ལོར་རྒྱལ་ཁོངས་ཕྱིར་བསྐྱོད་པའི་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.3ལྷག་ཙམ་ཡོད་མོད། འོན་ཀྱང་རྒྱ་གར་དུ་མི་ཐེངས་ཁྲི་25ལས་ཡོང་མེད། དེ་ནི་ཀྲུང་གོའི་དྲ་རྒྱའི་སྟེང་དུ་རྒྱ་གར་སྤྱི་ཚོགས་ཀྱི་བལྟོས་བཅས་ལྡོག་ཕྱོགས་ཀྱི་གནས་ཚུལ་སྤེལ་གཏོང་བྱས་པ་ལས་བྱུང་བའི་སེམས་ཁྲལ་དང་འཇིགས་སྣང་ལ་འབྲེལ་བ་ཡོད་སྲིད། དཔེར་ན་གསང་སྤྱོད་ཀྱི་ཆ་རྐྱེན་ཞན་པ་དང་། འཕྲོག་བཅོམ་བྱེད་པ། བཙན་གཡེམ་བྱེད་པ་སོགས་ལྟ་བུ།
         དགོད་བྲོ་བ་ཞིག་ནི། སྐབས་དེར་རྒྱ་གར་ཡུལ་སྐོར་པུའི་པུའུ་ཀྲང་ཨར་ཧྥང་སིས་ཀྲུང་གོའི་སྨྱན་སྦྱོར་ལ་རྒྱ་གར་གྱི་ཡུལ་སྐོར“ཁྱོན་ཡོངས་ཀྱི་བདེ་འཇགས”ཡིན་ཞེས་བཤད་པ་མ་ཟད། ད་དུང་ཨ་སྒོར་དུང་ཕྱུར་1བཏོན་ནས་ཀྲུང་གོར་རྒྱ་གར་གྱི་ཡུལ་སྐོར་ཁྱབ་གདལ་གཏོང་རྩིས་ཡོད་ཚུལ་བཤད་ཡོད། འོན་ཀྱང་རྒྱ་གར་གྱིས་དེང་སྐབས་ཀྲུང་གོའི་ཚོང་ཟོག་བཀག་འགོག་བྱེད་པ་དང་། ཀྲུང་གོ་བ་བཀག་འགོག་བྱེད་པའི་བྱེད་སྟངས་ཀྱིས་ཀྲུང་གོའི་ཡུལ་སྐོར་བའི་སེམས་ཁྲལ་ཇེ་ཆེར་གཏོང་སྲིད་ལ། རྒྱ་གར་དུ་ཡུལ་སྐོར་ལ་འགྲོ་རྒྱུར་འགལ་རྐྱེན་ཆེན་པོ་བཟོ་སྲིད།
         དེས་རྒྱ་གར་ཕྱོགས་ཀྱིས་ལོ་དེར་བཏང་བའི་ཨ་སྒོར་དུང་ཕྱུར་1གི་ཡུལ་སྐོར་ཁྱབ་གདལ་གྲོན་དངུལ་དེ་ཡང་ནུས་མེད་དུ་གྱུར་བ་མཚོན་ཡོད། མདོར་ན་གནོད་འཚེ་ཕོག་མཁན་ནི་རྒྱ་གར་རང་ཉིད་ཡིན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།