དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་མེ་རི་ཁས་གནས་སྤོར་ཡུལ་མིའི་སྲིད་ཇུས་རྒྱུན་མཐུད་ངང་ཇེ་དམ་དུ་གཏོང་རྒྱུའི་ཐད་རྩོད་གཞི་བྱུང་།

སྤེལ་དུས 2020-06-30 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
          ཨ་མེ་རི་ཁ་སྲིད་གཞུང་གིས་ཉེ་ཆར་རིགས་ཁ་ཤས་ཀྱི་གནས་སྤོར་ཡུལ་མི་མིན་པའི་ལས་དོན་གྱི་མཆན་འགོད་ལག་ཁྱེར་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། ཨ་མེ་རི་ཁའི་དཔལ་འབྱོར་ཉམས་རྒུད་དང་ཁེ་ལས་མང་པོའི་ལས་ཀ་ཤོར་ཚད་ཆེ་བའི་རྒྱབ་ལྗོངས་འོག་ཏུ། “ཨ་མེ་རི་ཁ་པ་དེ་བས་མང་བར་ལས་ཞུགས་ཀྱི་གོ་སྐབས”ཡོང་རྒྱུ་རེད། ཨ་མེ་རི་ཁའི་ཚོང་ལས་ལས་རིགས་ཀྱིས་སྲིད་གཞུང་གིས་གནས་སྤོར་ཡུལ་མིའི་སྲིད་ཇུས་མུ་མཐུད་ཇེ་དམ་དུ་གཏོང་རྒྱུར་སེམས་ཁྲལ་བྱེད་ཀྱི་ཡོད་པས། “མ་དངུལ་གཏོང་བ་དང་དཔལ་འབྱོར་བྱེད་སྒོ་དེ་བས་མང་བ་ཕྱི་རྒྱལ་དུ་སྤེལ་སྲིད་པའི”ངོས་འཛིན་བྱེད་ཀྱིན་ཡོད་ཟེར།
          སྲིད་ཇུས་གསར་པ་གཞིར་བཟུང་ནས། ཨ་མེ་རི་ཁས་ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་ནས་ད་ལོའི་ལོ་མཇུག་བར་ལག་རྩལ་མཐོ་བའི་ཕྱི་རྒྱལ་ནས་ཡིན་པའི་ཤེས་ལྡན་མི་སྣ་H—1Bཡི་མཆན་བཀོད་དཔང་ཡིག་དང་། ཞིང་ལས་མིན་པའི་ཕྱི་རྒྱལ་གྱི་བཟོ་པར་ཕྱོགས་པའི་H—2Bཡི་མཆན་བཀོད་དཔང་ཡིག རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟིའི་གླ་པ་དང་ནང་མིར་ཕྱོགས་པའི་Lཡི་མཆན་བཀོད་དཔང་ཡིག་དང་དེ་བཞིན་རིག་གནས་སློབ་གསོའི་རིགས་ཀྱི་འཚམས་འདྲི་སྤེལ་རེས་མི་སྣ་དང་ནང་མིར་ཕྱོགས་པའི་མཆན་བཀོད་དཔང་ཡིག་བཅས་ནི། གནས་སྐབས་རིང་ཨ་མེ་རི་ཁ་རུ་མེད་པ་དང་ཡུལ་མི་གནས་སྤོར་མིན་པའི་མཆན་བཀོད་དཔང་ཡིག་མེད་པ། དེ་བཞིན་མཆན་བཀོད་དཔང་ཡིག་མ་གཏོགས་ཨ་རིར་སྐྱོད་མཁན་དང་རྒྱལ་ཁོངས་ནང་འཛུལ་མཁན་གཞུང་ཕྱོགས་ཀྱི་ཡུལ་སྐོར་ཡིག་ཆ་མེད་པ་བཅས་ཀྱི་ཕྱི་རྒྱལ་བར་སྤྱོད་རྒྱུར་འཚམ་པོ་ཡོད།
          བྱེད་ཐབས་དེས་ཟླ་བ་གསུམ་ཙམ་རིང་ཨ་མེ་རི་ཁ་སྲིད་གཞུང་གིས་སླར་ཡང་གནས་སྤོར་ཡུལ་མིའི་སྲིད་ཇུས་སྔར་ལས་ཇེ་དམ་དུ་བཏང་བ་ཞིག་རེད། ད་ལོའི་ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན། ཨ་མེ་རི་ཁ་སྲིད་གཞུང་གིས་ཉིན་དྲུག་ཅུའི་ནང་ཕྱི་རྒྱལ་བ་ཁག་གཅིག་ལ། “གེགས་མེད་བྱང་བུ”སྤྲོད་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཨ་མེ་རི་ཁ་སྲིད་གཞུང་གི་སྤྱི་བསྒྲགས་གསར་ཤོས་ནང་སྲིད་འཛིན་བཀའ་རྒྱ་དེའི་གོ་ཆོད་པའི་དུས་ཡུན་དེ་ད་བར་གྱི་ལོ་མཇུག་ཏུ་དུས་འགྱངས་བྱས་ཡོད་ཟེར།
          ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་གཙོ་གཉེར་བྱེད་མཁན་སློབ་སྤྱི་གཞོན་པ་ཏན་ཉི་སི·ཝོ་ཚ་ཡིས་བཞེད་དོན། “སྲིད་འཛིན་བཀའ་རྒྱ་དེ་ཨ་མེ་རི་ཁའི་རིག་གཞུང་ལས་རིགས་དང་ཐ་ན་རྒྱལ་ཁབ་ཧྲིལ་པོའི་ངོས་ནས་བརྗོད་ན། ‘གནོད་འཚེ་ཆེན་པོ’ཞིག་ཡིན་ལ། དེས་མི་རྣམས་ཀྱིས་ཨ་མེ་རི་ཁའི་འབྲེལ་ཡོད་སྲིད་ཇུས་ལ་དོགས་པ་སྐྱེས་ཤིང་། གོ་ལ་ཧྲིལ་པོའི་ཕུལ་བྱུང་ཚན་རིག་པ་དང་བཟོ་བཀོད་པ་འགུག་པར་ཕན་པ་ཅི་ཡང་མེད་ཟེར།  །