དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་དཔལ་འབྱོར་སླར་གསོ་བྱུང་བ་དང་འཕར་བས་འཛམ་གླིང་གི་དཔལ་འབྱོར་སླར་གསོར་གདེང་ཚོད་ཆེ་རུ་སོང་བ།

སྤེལ་དུས 2020-08-11 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
—— ཀྲུང་གོར་བཅའ་སྡོད་ཕོ་ལན་གྱི་ཕྱི་འབྲེལ་དཔོན་ཟུར་པ་ཧྲ་ཧྥ་ཧྲིར་བཅར་འདྲི་བྱས་པ།
       ཧྲང་ཧའེ་རུ་བཅའ་སྡོད་ཕོ་ལན་གྱི་སྤྱི་ཁྱབ་ཁེ་སྐྱོང་བ་ཟུར་པ་སའེ་འར་ཝེ་སི་ཐེ·ཧྲ་ཧྥ་ཧྲིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཏོག་གསར་གློ་ཚད་རིམས་ནད་རྒྱུན་མཐུད་ངང་ཁྱབ་པ་དང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཚབས་ཆེན་འགྲོ་བའི་རྒྱབ་ལྗོངས་འོག་ཀྲུང་གོའི་དཔལ་འབྱོར་སླར་གསོ་བྱུང་བ་དང་འཕར་བས་འཛམ་གླིང་གི་དཔལ་འབྱོར་སླར་གསོར་གདེང་ཚོད་ཆེ་རུ་སོང་ཡོད་ཅེས་བརྗོད།
       ད་ལོའི་དུས་ཚིགས་གཉིས་པར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་3.2%འཕར་ཡོད། ཧྲ་ཧྥ་ཧྲིས་ཀྲུང་གོའི་དཔལ་འབྱོར་འཕར་བ་དེ་དང་ཐོག་ཞན་ཕྱོགས་ནས་ལེགས་ཕྱོགས་སུ་འཕེལ་བར་གདེང་འཇོག་ཡག་པོ་བྱས་ཡོད། ཁོང་གིས“ཀྲུང་གོས་རིམས་ནད་དང་དེ་ལས་བྱུང་བའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པའི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་པས་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་འཕར་སྣོན་སླར་གསོ་བྱུང་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་དང་པོར་གྱུར་པ་དང་། དེས་རིམས་ནད་དུས་སྐབས་ཕྱི་མའི་འཛམ་གླིང་དཔལ་འབྱོར་བསྐྱར་སྐྲུན་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད”ཅེས་བརྗོད།
       ཧྲ་ཧྥ་ཧྲིས། ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་རིམས་ནད་མཆེད་རྒྱུ་བཀག་འགོག་ཧུར་ཐག་བྱེད་རིང་། “ཀྲུང་གོས་རྩ་ཆེའི་རིམས་འགོག་ཉམས་མྱོང་དང་ཆེད་ལས་ཤེས་བྱ་དུས་ཐོག་ཏུ་མཉམ་སྤྱོད་བྱས་ཁར་དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་སྨན་བཅོས་དངོས་ཟོག་ཞལ་འདེབས་བརྒྱབ་པ་མ་ཟད། སྨན་དོན་མི་སྣ་མངགས་ནས་ཡུལ་དེ་གར་སྨན་བཅོས་རོགས་སྐྱོར་ཡང་བྱས་ཡོད། དེ་ལས་ཡོ་རོབ་ཀྱི་དཔལ་འབྱོར་སླར་གསོའི་ཆེད་ལེགས་སྐྱེས་ཕུལ་ཡོད”ཅེས་བརྗོད།
       ཁོང་གིས། ཀྲུང་གོས་སྤྱད་པའི་དཔལ་འབྱོར་ཡར་སྐུལ་བྱེད་ཐབས་ཚུལ་མཐུན་ཡིན་པ་ལས་ཐལ་དྲགས་མེད་པས། ཡོ་རོབ་རྒྱལ་ཁབ་ཀྱིས་དཔྱད་གཞིར་འཛིན་རིན་ཡོད། “རིམས་ནད་དུས་སྐབས་ཕྱི་མར”དཔལ་འབྱོར་དང་། དངུལ་རྩ། སྤྱི་ཚོགས། ཚན་རིག ལག་རྩལ་སོགས་ཁྱབ་ཁོངས་སུ་ཡོ་ཀྲུང་གིས་མཉམ་ལས་བྱེད་པའི་བར་མཐོངས་སྔར་ལས་ཆེ་བ་ཡོད་ཅེས་བརྗོད།
       ཧྲ་ཧྥ་ཧྲིས་ད་དུང་ཡོ་རོབ་ཀྱི་དཔལ་འབྱོར་སླར་གསོའི་ཁྲོད་འདོན་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ནུས་པར་ཚད་མཐོའི་གདེང་འཇོག་བྱས་པ་རེད།      ད་ལོའི་ལོ་སྟོད་དུ་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་རྒྱལ་སྤྱིའི་མཉམ་ལས་ཀྱི་རིམས་འགོག་དངོས་ཟོག་ཁྱོན་ཁྲི་367དབོར་ནས་ཚོང་ཟོག་དབོར་འདྲེན་གྱི་སྤྱི་འབོར་དོས་སྒམ་ཁྲི་46.1ཟིན་པ་དེ་དུས་མཚུངས་ལས་41%འཕར་བ་དང་། ཕོ་ལན་དང་། དབྱི་ཐ་ལི། འཇར་མན། ཧྥ་རན་སེ། སི་ཕེན། ཅེ་ཁེ། ཧང་ག་རི། ལི་ཐུ་ཝན་སོགས་རྒྱལ་ཁབ་མང་པོར་དབོར་ཡོད། “ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཡོ་རོབ་ལ་རིམས་འགོག་དང་ཐོན་སྐྱེད་དངོས་ཟོག་བསྐྱལ་ཏེ་ཡོ་རོབ་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མྱུར་ཐུབ་རྒྱུར་ཐུན་མོང་མིན་པའི་རོགས་རམ་གྱི་ནུས་པ་ཐོན་ཡོད”
       ཧྲ་ཧྥ་ཧྲིས། “ཡོ་ཀྲུང་ཕྱོགས་གཉིས་ཀྱིས་སྔར་བས་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་བ་ཡོད་ལ་དགོས་མཁོའང་ཡོད། ‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་དང‘17+1མཉམ་ལས’ཀྱི་སྒྲོམ་གཞིའི་འོག་རིམས་ནད་དུས་སྐབས་ཕྱི་མའི་ཕྱོགས་གཉིས་ཀྱི་དཔལ་འབྱོར་སླར་གསོར་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་ཆེད་ཡིན་ལ་དེ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བར་ཡར་སྐུལ་བཟང་པོ་ཆགས་ངེས་ཡིན་པའི་གདེང་ཚོད་ཀྱང་ཡོད”ཅེས་བརྗོད།
       ཧྲ་ཧྥ་ཧྲིས་ངོས་འཛིན་བྱས་དོན། ཡོ་ཀྲུང་དབར་མཉམ་ལས་བྱེད་སྲིད་པའི་རང་བཞིན་ཆེ་ཙམ་ཡོད་པ་དང་། རིམས་ནད་ཀྱི་དབང་གིས་ཕྱོགས་གཉིས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བར་གོ་སྐབས་བཟང་པོ་བཏོད་ཅིང་། དེ་ལས་ཡོ་རོབ་ཀྱི་དཔལ་འབྱོར་སླར་གསོར་འདེགས་སྐྱོར་བྱ་རྒྱུར་ཕན་པ་ཡོད། ཀྲུང་གོའི་དཔལ་འབྱོར་སྔོན་ལ་སླར་གསོ་བྱུང་བས“རིམས་ནད་དུས་སྐབས་ཕྱི་མའི”ཡོ་རོབ་ཀྱི་དཔལ་འབྱོར་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་གདེང་ཚོད་དང་སྒུལ་ནུས་བསྣན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།