ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ།

སྤེལ་དུས 2022-01-26 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
               ཚེས་24ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས། ཟླ་དང་པོའི་ཚེས་25ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བའི་བརྙན་ལམ་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་ཞིང་། དེའི་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་གིས་ཕྱོགས་གཉིས་པོའི་མཉམ་ལས་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་གསེད་དཀྲོལ་བྱེད་པ་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་ནས། ལག་གདང་སྦྲེལ་ཏེ་འབྱུང་འགྱུར་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་བརྗིད་ཆེའི་འཆར་གཞི་འགོད་རྒྱུ་རེད་ཅེས་བརྗོད་པ་རེད།
               ཀྲའོ་ལི་ཅན་གྱིས་ད་ཐེངས་ཀྱི་དབུ་ཚོགས་ནི་འདི་ལོ་ཀྲུང་གོས་ཨེ་ཤེ་ཡ་དབུས་མར་འཛིན་པའི་ཕྱི་འབྲེལ་གྱི་བྱ་སྤྱོད་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་རྣམ་པའི་ཐོག་ནས་གཙོ་བདག་རིམ་པའི་མཇལ་འཛོམས་བྱེད་ཐེངས་དང་པོ་དེའང་ཡིན་པ་རེད། དེར་བརྟེན་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དེས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་གཉིས་པོའི་དུས་མཚམས་རྗེས་མའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྤྱི་འདོམས་ཇུས་འགོད་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
               ཁོང་གིས་དབུ་ཚོགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་གིས་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་འབྲེལ་བ་འཕེལ་རྒྱས་ཐད་བརྒྱུད་པའི་རླབས་ཆེན་གྱི་ལོ་རྒྱུས་ལམ་བུར་ཐུན་མོང་ཐོག་ཕྱིར་དྲན་དང་། ཕྱོགས་གཉིས་པོའི་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་གསེད་དཀྲོལ། གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ། ལག་གདང་སྦྲེལ་ནས་འབྱུང་འགྱུར་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་བརྗིད་ཆེའི་འཆར་གཞི་འདིང་བ་བཅས་བྱེད་རྒྱུ་རེད། དབུ་ཚོགས་ཐོག་ད་དུང《ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བའི་སྐོར་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣའི་མཉམ་འབྲེལ་གསལ་བསྒྲགས》ལ་གྲོས་འཆམ་བྱས་ནས་བཀྲམ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
               ཀྲའོ་ལི་ཅན་གྱིས་ཕྱི་འབྲེལ་བཙུགས་ནས་ལོ་30ཡི་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བར་རྒྱུན་ཆད་མེད་པར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ལོ་རྒྱུས་རང་བཞིན་དང་། མཚོན་རྟགས་རང་བཞིན། ཚད་བརྒལ་རང་བཞིན་བཅས་ཀྱི་གྲུབ་འབྲས་ཐོབ་ནས། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་དཔེ་མཚོན་དུ་གྱུར་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཀྱང་ཕུལ་ཡོད་ཅེས་བརྗོད་པ་རེད།
               “ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ་སྔ་འཛིན་ཕྱི་གཏོད་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཕྱོགས་ཡོངས་ཀྱི་གཉིས་ཁེ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཕན་ཚུན་གྱི་འབྲེལ་བ་སྔར་བས་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་སྐས་རིམ་གསར་པའི་ཐོག་སྐྱོད་འདོད་ཡོད”ཅེས་ཁོང་གིས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།