ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་སྲིད་གཞུང་གིས་སླར་ཡང་ཐང་ཀར་ཛ་དྲག་ཆེ་བའི་རོགས་སྐྱོར་ཁག་གསུམ་བྱ་རྒྱུའི་གཏན་འབེབས་བྱས་པ།

སྤེལ་དུས 2022-01-26 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            ཚེས་24ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཐང་ཀའི་གནོད་འཚེ་ཕོག་ཚུལ་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་དོ་ཁུར་བྱས་ནས། སླར་ཡང་དེ་གོང་གི་རྨང་གཞིའི་ཐོག་ཐང་ཀར་ཛ་དྲག་ཆེ་བའི་རོགས་སྐྱོར་ཁག་གསུམ་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བརྗོད་པ་རེད།
            ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཐང་ཀའི་གནོད་འཚེ་ཕོག་ཚུལ་ལ་སྔ་ཕྱི་བར་གསུམ་དུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ་ཐབས་ལམ་སྣ་ཚོགས་བརྒྱུད་ཐང་ཀར་རོགས་སྐྱོབ་བྱེད་བཞིན་ཡོད།
            དེ་གོང་ཀྲུང་གོ་སྲིད་གཞུང་གིས་ཐང་ཀར་གེགས་སེལ་དངོས་ཟོག་ཁག་དང་པོ་མཁོ་འདོན་བྱས་པ་དང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་ཐང་ཀར་ཨ་སྒོར་ཁྲི་10ཡི་མི་ཆོས་རིང་ལུགས་ཀྱི་སྔ་ཕྱི་བར་གསུམ་དུ་དངུལ་སྨར་གྱི་རོགས་སྐྱོར་བྱས་པའི་རྨང་གཞིའི་ཐོག་ཀྲུང་གོ་སྲིད་གཞུང་གིས་སླར་ཡང་ཐང་ཀར་ཛ་དྲག་ཆེ་བའི་རོགས་སྐྱོར་ཁག་གསུམ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
            གཅིག་ནས་ཁག་གཉིས་པའི་མི་དམངས་ཤོག་སྒོར་ཁྲི་2000རི་བའི་འཕྲལ་སྡོམ་གེགས་སེལ་དངོས་ཟོག་རོགས་སྐྱོར་བྱ་རྒྱུ་དང་སྦྲགས། ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་དཀའ་ངལ་མཐའ་དག་ཁྱད་བསད་ཀྱིས་དངོས་ཟོག་རོགས་སྐྱོར་དེ་དག་སྔ་ཙམ་ཐང་ཀར་སྐྱེལ་ཐུབ་པ་བྱེད་རྒྱུ་དང་། གཉིས་ནས་ཐང་ཀར་ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་དངུལ་སྨར་གྱི་རོགས་སྐྱོར་བྱེད་རྒྱུ། གསུམ་ནས་ཐང་ཀ་དང་ཐག་ཉེ་བའི་ཧྥི་ཅིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བརྒྱུད་མི་དམངས་ཤོག་སྒོར་ཁྲི་100རི་བའི་རོགས་སྐྱོར་དངོས་ཟོག་ཁག་གཅིག་འཕྲལ་དུ་གྲབས་གསོག་བྱ་རྒྱུའི་ནང་འཐུང་ཆུ་དང་། འཕྲལ་སྡོམ་བཟའ་བཅའ། གློག་འདོན་འཕྲུལ་འཁོར། ཆུ་འཐེན་འཕྲུལ་འཁོར། གློག་སྒུལ་སོག་ལེ་སོགས་ཚུད་ཡོད་པ་དང་དངོས་ཟོག་དེ་དག་གོང་ཚེས་ཉིན་གྲུ་གཟིངས་སུ་བླུགས་ནས་ཐང་ཀར་དབོར་བ་རེད།