ཨེ་ཅིབ་ཀྱི་ཁེ་རོའི་མཆོད་རྟེན་ངོས་སུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གློག་འོད་ངོམ་སྟོན་བྱེད་པ།
སྤེལ་དུས 2022-01-28
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཟླ་1ཚེས་24ཉིན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་མཛད་སྒོའི་ལུགས་ལྡོག་དུས་ཚོད་ཉིན་10ཡི་སྐབས་སུ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོའི་ས་ཁམས་མཚོན་རྟགས་ཀྱི་སྐྲུན་དངོས་ཡིན་པའི་ཁེ་རོའི་མཆོད་རྟེན་ངོས་སུ་གློག་འོད་ངོམ་སྟོན་བྱས་ཤིང་། མཆོད་རྟེན་ངོས་སུ་ཀྲུང་གོ་དང་། དབྱིན་ཇི། ཨ་རབ་བཅས་ཡིག་རིགས་གསུམ་ལས“པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས”དང་། “པེ་ཅིང་2022ལོ”“ཉིན་10ཡི་རྗེས་སུ་པེ་ཅིང་དུ་མཇལ་ཡོང”ཞེས་པ་སོགས་ཡིག་རིགས་དང་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་མངོན་པར་བྱས་ཏེ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་སྨོན་འདུན་དང་རྒྱབ་སྐྱོར་ཞུ་ལུགས་མཚོན་ཞིང་། འདི་ནི་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོའི་མཆོད་རྟེན་ངོས་སུ“པེ་ཅིང་དུ་མཇལ་ཡོང”ཞེས་པ་མངོན་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།