ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཏོག་གསར་གློ་ཚད་རིམས་ནད་ད་དུང་མཇུག་འགྲིལ་མེད་པས་སྔོན་འགོག་དང་ཚོད་འཛིན་ལ་བློ་ཡིད་ཚིམ་ནས་སྡོད་མི་རུང་།

སྤེལ་དུས 2022-05-07 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཚེས་4ཉིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འཕྲོད་བསྟེན་དང་བཟའ་བཅའི་བདེ་འཇགས་ལས་དོན་གྱི་འགན་འཁུར་ཨུ་ཡོན་སི་ཐའེ་ལཱ·ཅི་ལི་ཡ་ཅི་ཅི་སིས་ཁ་པར་བརྒྱུད་སེབ་རུ་སིའི་རླུང་འཕྲིན་ཀུང་སིའི་རླུང་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ཏོག་གསར་གློ་ཚད་རིམས་ནད་དུས་མཚམས་གསར་པར་སླེབས་པ་ཙམ་ལས། ད་དུང་མཇུག་འགྲིལ་མེད་ཅེས་བརྗོད་པ་རེད།
  སེབ་རུ་སི་ཚུད་པའི་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་མང་ཆེ་བས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་མེད་པ་བཟོས་པའམ་ཡང་ན་ལྷུག་ཏུ་བཏང་ཡོད། དེའི་ཐད་ཅི་ལི་ཡ་ཅི་ཅི་སིས་ཁོངས་མིའི་རྒྱལ་ཁབ་ལ་ད་ཐེངས་ཀྱི་རིམས་ནད་ལ་ཁ་གཏད་གཅོག་རིང་བློ་ཡིད་ཚིམ་པའི་བསམ་ཚུལ་འཆང་མི་རུང་བ་དང་། རེས་སྐོར་གསར་པའི་རིམས་ནད་ཤུགས་ཆེན་མཆེད་པའི་ཉེན་ཁ་སྔ་ཕྱི་བར་གསུམ་དུ་གནས་པའི་ཉེན་བརྡ་བཏང་བ་རེད།
  ཅི་ལི་ཡ་ཅི་ཅི་སིས། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་གི་མི་ཁྲི་9000གིས་ད་དུང་རིམས་འགོག་སྨན་ཁབ་གཟེད་མེད་པ་དང་། ཚད་བཀག་བྱ་ཐབས་ལྷུག་ཏུ་བཏང་རྗེས་ད་དུང་མི་མང་པོ་ཞིག་གིས་རིམས་འགོག་སྨན་ཁབ་ཐེངས་གསུམ་པ་གཟེད་རྒྱུར་ཐེ་ཚོམ་བྱེད་བཞིན་ཡོད་པས། ཡོ་རོབ་མནའ་འབྲེལ་གྱི་ཨུ་ཡོན་གྱིས་དེའི་ཐད་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་། ཁོང་གིས་མི་འདི་དག་ནང་ཏོག་གསར་རིམས་ནད་འགོས་པའི་ནད་པ་ཡོད་པ་དང་ཆབས་ཅིག་རེས་སྐོར་གསར་པའི་རིམས་ནད་མཆེད་པའི་ཉེན་ཁ་ཡང་ཡོད་ཅེས་བརྗོད་པ་རེད།