ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་ཡུག་རེན་གྱི་དུས་བབ་ཐད་གསལ་བསྒྲཊ་སྤེལ།

སྤེལ་དུས 2022-05-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་5ཚེས་6ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལེ་སིས་ཡུག་རེན་གྱི་དུས་བབ་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་།  དེ་རིང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མགྲིན་གཅིག་གི་ཐོག་ནས་ཡུག་རེན་གྱི་ཞི་བདེའི་ཆེད་འབོད་སྐུལ་ཐེངས་དང་པོ་བྱ་རྒྱུ་ཡིན། ངས་རྒྱུན་དུ་བཤད་པ་ལྟར། འཛམ་གླིང་གིས་ངེས་པར་དུ་མཐུན་སྒྲིལ་བྱས་ཏེ། མེ་མདའི་སྒྲ་ཞི་བར་བྱེད་དགོས་པ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་རིན་ཐང་ལྟ་བ་སྲུང་སྐྱོང་བྱེད་དགོས་པར་མ་ཟད། མུ་མཐུད་ནས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཚེ་སྲོག་སྐྱོབ་དགོས་ལ། སྡུག་བསྔལ་ཇེ་ཉུང་དུ་བཏང་ནས་ཞི་བདེའི་ལམ་བུ་འཚོལ་དགོས་ཞེས་བསྟན་ཡོད། 
     ཉིན་དེར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་ཡུག་རེན་གྱི་དུས་བབ་དང་འབྲེལ་བའི་གསལ་བསྒྲགས་ལ་གྲོས་འཆམ་བྱུང་ཡོད་པ་དང་། གསལ་བསྒྲགས་ནང་ཡུག་རེན་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་ཐད་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཞི་བདེའི་ངང་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་པ་བསྟན་ཡོད།
    གསལ་བསྒྲགས་དེ་ནི་ནོར་ཝེ་དང་མོ་ཞི་ཁོ་ཡིས་འཆར་ཟིན་བཀོད་དེ་གྲོས་མོལ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་ཞིག་ཡིན་ཞིང་།  དེ་ནི་སྤྱི་ཟླ་2ཚེས་24ཉིན་ཨུ་རུ་སུ་དང་ཡུག་རེན་བར་གདོང་ཐུག་ཐོན་ཚུན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་གྲོས་འཆམ་བྱུང་བའི་ཡུག་རེན་དང་འབྲེལ་བ་ཡོད་པའི་གསལ་བསྒྲགས་ཐོག་མ་དེ་རེད་འདུག