ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

​ཀྲུང་གོའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད།

སྤེལ་དུས 2022-05-09 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
  ཟླ་5ཚེས་6ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས་དྲིས་དོན། 1999ལོའི་ཟླ་5ཚེས་7ཉིན་བྱང་ཆིངས་རྩ་འཛུགས་ཀྱིས་ནན་སི་ལ་ཧྥུ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ལ་འབར་མདེལ་དབྱུགས་ནས། ཀྲུང་གོའི་གསར་འགོད་པ་3རྐྱེན་ལམ་དུ་ཤོར་བ་དང་ཀྲུང་གོའི་ཕྱི་འབྲེལ་མི་སྣ་20ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད། དམིགས་བསལ་གྱི་ཉིན་མོ་དེ་སླེབས་ཉེར་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཆ་འཕྲིན་གང་ཞིག་སྤེལ་འདོད་ཡོད་དམ།
  ཀྲའོ་ལི་ཅན་གྱིས་ཀྲུང་གོའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། 1999ལོའི་ཟླ་5ཚེས་7ཉིན་ཨ་རི་གཙོས་པའི་བྱང་ཆིངས་རྩ་འཛུགས་ཀྱིས་ནན་སི་ལ་ཧྥུ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ལ་འབར་མདེལ་དབྱུགས་པས། ཀྲུང་གོའི་གསར་འགོད་པ་3རྐྱེན་ལམ་དུ་ཤོར་བ་དང་། ཀྲུང་གོའི་ཕྱི་འབྲེལ་མི་སྣ་20ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད། ཀྲུང་གོ་མི་དམངས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་གདུག་རྩུབ་ཆེ་བའི་རྩུབ་སྤྱོད་དེ་ནམ་ཡང་བརྗེད་མི་སྲིད་ལ། ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་འཁྲབ་ཀྱང་གཏན་ནས་བྱེད་དུ་འཇུག་གི་མིན།
  བྱང་ཆིངས་རྩ་འཛུགས་ཀྱིས་རང་ཉིད་ནི་འགོག་སྲུང་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན་ཟེར་མོད། འོན་ཀྱང་དོན་དངོས་ཐོག་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱབ་འགལ་ཐེངས་མང་བྱས་ཏེ་རང་སྣང་གང་ཤར་གྱིས་བདག་དབང་རྒྱལ་ཁབ་ལ་དམག་འཁྲུག་བསླངས་པ་དང་། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེར་གཏོར་བཤིག་བཏང་ནས་ཉེས་མེད་མི་སེར་མང་པོ་རྐྱེན་ལམ་དུ་ཤོར་བ་དང་ཡུལ་གྱར་དུ་སོང་བ་རེད། བྱང་ཆིངས་རྩ་འཛུགས་ཀྱིས“བདེ་འཇགས་ཐག་གཅོད”ཁོ་ན་དོན་གཉེར་བྱེད་པ་དང་། འཇམ་འཐབ་རྗེས་རེས་སྐོར་ལྔ་བསྟུད་མར་ཤར་དུ་རྒྱ་སྐྱེད་གཏོང་བ་རེད། དེས་ཡོ་རོབ་དེ་བས་བདེ་འཇགས་ཡོང་རྒྱུ་ཕར་བཞག དེ་ལས་ལྡོག་སྟེ་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་གི་ས་བོན་ས་འོག་ཏུ་བཅུག་པས་ཡོ་རོབ་སྐམ་ས་ཆེན་མོར་དམག་འཁྲུག་གི་མེ་ལྕེ་སླར་ཡང་འབར་ཡོད།
  འཇམ་འཐབ་སྔ་ས་ནས་མཇུག་བསྒྲིལ་ཟིན་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ནི་ཞི་བདེ་དང་། མཉམ་ལས། འཕེལ་རྒྱས་བཅས་དོན་གཉེར་བྱ་རྒྱུ་དེ་རེད། ཨ་རི་གཙོས་པའི་བྱང་ཆིངས་རྩ་འཛུགས་ཀྱིས་དུས་དཔག་བབ་བསྟུན་གྱིས་དགོས་ངེས་ཀྱི་ལེགས་སྒྲིག་བྱས་ཏེ་འཇམ་འཐབ་ཀྱི་བསམ་བློ་རྩ་བ་ནས་དོར་ནས། ཡོ་རོབ་དང་ཐ་ན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་དང་། ཐ་ན་འཛམ་གླིང་གི་ཁྱབ་ཁོངས་སུ་དཔུང་ཚོགས་ཀྱི་འགྲན་རྒོལ་དང་ཛ་དྲག་གི་དུས་བབ་གཏོད་མཚམས་འཇོག་དགོས་ཞེས་བཤད་པ་རེད། ཨ་རིའི་བྱང་ཆིངས་རྩ་འཛུགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་བར་དོན་དངོས་འགའ་བསྒྲུབ་དགོས།