ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཤར་པ་བ་ཁོང་ད་ཕན་ཇོ་མོ་གླང་མར་ཐེངས་26འཛེགས་འདུག

སྤེལ་དུས 2022-05-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  སྤྱི་ཚེས་7ཉིན་ད་ལོ་དགུང་ལོ་52ལ་སླེབས་པའི་ནེ་པ་ལའི་རི་འཛེགས་སྣེ་ཤན་ཤར་པ་བ་ཁའེ་མི་·རུའེ་ཐ་·ཤར་པ་ཡིས་ནེ་པ་ལའི་གཞོགས་ནས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མར་ཐེངས་26པ་དེ་འཛེགས་ནས། ཁོང་མི་སྒེར་གྱིས་གཏོད་པའི་ཇོ་རིའི་རྩེ་མོར་འཛེགས་ཐེངས་མང་ཤོས་ཀྱི་འཛམ་གླིང་ཟིན་ཐོ་དེ་སླར་ཡང་གཏོད་ཡོད་པ་རེད།
  ཁའེ་མི་ཡིས་སྤྱི་ལོ་1994ལོའི་ཟླ་5པར་ཇོ་མོ་གླང་མར་ཐོག་མར་འཛེགས་ཡོད། སྤྱི་ལོ་2019ལོར་ཁོང་གིས་གཟའ་འཁོར་གཅིག་ཀྱང་མ་ཟིན་པའི་དུས་ཚོད་ནང་ཇོ་མོ་གླང་མར་ཐེངས་གཉིས་འཛེགས་པ་དང་། དེ་གཉིས་ནི་ཁོང་ནས་ཇོ་མོ་གླང་མར་འཛེགས་ཐེངས་23པ་དང་24པ་རེད། ན་ནིང་ཟླ་བ་5པའི་ཚེས་7ཉིན་ཁོང་གིས་སླར་ཡང་ཇོ་མོ་གླང་མར་ཐེངས་25པ་དེ་འཛེགས་ཡོད་པ་རེད།

  ད་ཐེངས་ཁོང་དང་མཉམ་དུ་ཇོ་མོ་གླང་མར་འཛེགས་མཁན་གྲས་སུ་ཁོང་གི་རི་འཛེགས་ཐག་གཏོང་ཕུར་འདེབས་ཚོགས་པའི་ཁོངས་མི་ཤར་པ་བ་11ཡོད་པ་རེད།