ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི“སྐབས་བསྟུན་གཙང་བཟོའི”རིམས་འགོག་སྲིད་ཇུས་ཧ་ཅང་ཡག་པོ་བྱུང་འདུག

སྤེལ་དུས 2022-05-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་པི་ལཱ་ཝར་གྱིས་ཉིན་ཤས་གོང་དྲ་ཐོག་ཏུ་འཚོགས་པའི་ཏོག་གསར་རིམས་ནད་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་གི་ཐོག་གཏམ་བཤད་སྤེལ་སྐབས་ཀྲུང་གོའི“སྐབས་བསྟུན་གཙང་བཟོའི”རིམས་འགོག་སྲིད་ཇུས་ལ་ཚད་མཐོའི་གདེང་འཇོག་བྱས་ཏེ་སྲིད་ཇུས་འདི་ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་པ་ཞིག་ཡིན་པ་དང་རིམས་འགོག་སོགས་ཀྱི་ཐད“ཧ་ཅང་ཡག་པོ་བྱུང་བའི”་ངོས་འཛིན་བྱས་པ་རེད།
  ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུས་ཁྱབ་བསྒྲགས་བྱས་པའི་གཏམ་བཤད་མ་ཟིན་ལ་གཞིགས་ན། པི་ལཱ་ཝར་གྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་ཐབས་གང་ཞིག་ཡིན་རུང་། ངེས་པར་དུ་ཚན་རིག་གི་དཔང་རྟགས་དང་གཏན་ཚིགས་དེ་སྲ་ཞིང་བརྟན་པའི་རྨང་གཞིར་བརྩི་དགོས། རིམས་ནད་ལ་ཁ་གཏད་གཅོག་པ་དང་། ལྟ་ཞིབ་ཚད་ལེན་བྱེད་པ། ཚོད་སྐོར་བྱེད་པ་བཅས་ཐད་རིམས་ནད་རིག་པ་དང་སྡེ་ཁུལ་གྱི་གསོ་བ་རིག་པའི་སྔོན་གཏན་འཁེལ་བའི་བྱ་ཐབས་མཛུབ་ཁྲིད་དུ་བྱེད་དགོས་ཀྱི་ཡོད། རྒྱལ་ཁབ་དང་ས་ཁུལ་ཚང་མས་ངེས་པར་དུ་རང་ཉིད་ཀྱི་ཐབས་ཇུས་བཟོ་དགོས་པ་ལས་ཚང་མ་གཅིག་འདྲ་བྱེད་དགོས་པའི་རེ་བ་འདོན་རྒྱུ་མེད་ཅེས་བརྗོད་ཡོད།
  པི་ལཱ་ཝར་གྱིས་ཀྲུང་གོ་དཔེར་དྲངས་ནས་བརྗོད་དོན། ཀྲུང་གོའི“སྐབས་བསྟུན་གཙང་བཟོའི”རིམས་འགོག་སྲིད་ཇུས་ནི་རང་རྒྱལ་ཁབ་ཀྱི་དོན་དངོས་ལ་གཞི་ཚུགས་པ་ཞིག་རེད། “ནད་དུག་གསོད་པ་དང་། གྲངས་ལས་འདས་པའི་མི་དམངས་ཀྱི་ཚེ་སྲོག་སྐྱོབ་པ། དཔལ་འབྱོར་མགྱོགས་མྱུར་སླར་གསོ་བྱེད་པ་སོགས་ཐད་ཧ་ཅང་ཡག་པོ་བྱུང་ཡོད”
  པི་ལཱ་ཝར་གྱིས་ད་དུང་བརྗོད་དོན། ཕ་ཁི་སི་ཐན་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཀྲུང་གོས་རྒྱབ་སྐྱོར་ཆེན་པོ་བྱས་བྱུང་། ཁོང་གིས་གཏམ་བཤད་སྤེལ་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱས་པ་རེད།