ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁོང་ཀོ(ཅིན)གྱི་རྒྱལ་སའི་སྐོར་ལམ་རྣམ་གྲངས་སྐྲུན་འགོ་ཚུགས་པ།

སྤེལ་དུས 2024-06-26 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེན་ཧྲ་ས་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁོང་ཀོ(ཅིན)གྱི་རྒྱལ་ས་ཁེན་ཧྲ་སའི་སྐོར་ལམ་རྣམ་གྲངས་ཚེས་22ཉིན་ཁེན་ཧྲ་སར་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ཁོང་ཀོ(ཅིན)གྱི་ཙུང་ཐུང་ཅི་སའེ་ཁེ་ཏི་དང་ཙུང་ལི་ཐུའུ་ལུའུ་ཁཱ་སོགས་མཛད་སྒོར་ཕེབས་པ་རེད།
  ཅི་སའེ་ཁེ་ཏིས། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་ཁོང་ཀོ(ཅིན)ལ་སྔོན་ཐོན་སྒྲིག་ཆས་དང་ལག་རྩལ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁོང་ཀྲུང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་མུ་མཐུད་ཕྱིན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།