ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིང་ལས་མཉམ་ལས་བགྲོ་གླེང་ཚོགས་འདུ་རུ་ཝང་ཏར་འཚོགས་པ།

སྤེལ་དུས 2024-06-26 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁི་ཀ་ལི་ནས་གློག་འཕྲིན་འབྱོར་གསལ། ཚེས་21ཉིན“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིང་ལས་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དང་འབྱུང་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བགྲོ་གླེང་ཚོགས་འདུ་རུ་ཝང་ཏའི་རྒྱལ་ས་ཁི་ཀ་ལིར་འཚོགས་པ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནས་ཡོང་བའི་དཔོན་རིགས་དང་ཁེ་ལས་ཀྱི་འཐུས་མི་སོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིང་ལས་དེང་རབས་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འབྲུ་རིགས་བདེ་འཇགས་ཐད་ཨ་ཧྥེ་རི་ཁ་སྐམ་ས་ཆེན་པོར་འཕྲད་པའི་འགྲན་སློང་ལ་ཁ་གཏད་ཇི་ལྟར་གཅོག་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པ་རེད།
  རུ་ཝང་ཏའི་ཞིང་ལས་དང་སྲོག་ཆགས་ཐོན་ཁུངས་པུའི་པུའུ་ཀྲང་དབྱི་ཏེ་ཧྥུང་སི·མུའུ་ས་ཧྥེ་ལིས་བགྲོ་གླེང་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་སྐབས། ཀྲུང་གོ་དང་མཉམ་ལས་བྱས་པ་ལས་ཨ་ཧྥེ་རི་ཁའི་འབྲུ་རིགས་ཀྱི་ཉམས་ཉེན་སེལ་རྒྱུར་གོ་སྐབས་རྩ་ཆེན་ཐོབ་ཡོད། ངས་རུ་ཝང་ཏའི་ཞིང་ལས་ཁྱབ་ཁོངས་ལ་ཀྲུང་གོས་མ་རྩ་འཇོག་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
  ཀྲུང་གོ་ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་མཱ་ཡིའུ་ཞང་གིས་བརྙན་ལམ་བརྒྱུད་ནས་གཏམ་བཤད་སྤེལ་སྐབས། འབྲུ་རིགས་ཀྱི་བདེ་འཇགས་དང་ཞིང་ལས་འཕེལ་རྒྱས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེ་ཤོས་བྱེད་པའི་ཁྱབ་ཁོངས་ཀྱི་གྲས་ཤིག་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་སྔོན་སྒྲུབ་ཁ་ཕྱོགས་ཤིག་ཐོག་མཐའ་བར་གསུམ་དུ་ཡིན་ཞེས་བརྗོད་པ་རེད།