ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“2024·ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཤེས་དཔལ་གླེང་མོལ”བྱེད་སྒོ་ཧ་སག་སི་ཐན་དུ་སྤེལ་བ།

སྤེལ་དུས 2024-06-26 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་གློག་འཕྲིན་འབྱོར་གསལ། “2024·ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཤེས་དཔལ་གླེང་མོལ”བྱེད་སྒོ་ཉེ་ཆར་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ན་རུ་སྤེལ་བར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་8ཀྱི་འཐུས་མི་130ལྷག་ཙམ་ཞུགས་ཡོད་པ་དང་། སྐུ་མགྲོན་ཚོས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཤེས་དཔལ་གླེང་མོལ་མཉམ་ལས་སྦྲེལ་ཟམ་བཙུགས་ཏེ་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་པ་རེད།
  ཐེངས་འདིའི་གླེང་མོལ་བྱེད་སྒོའི་ཐོག་ཇུས་འདོན་ཚོགས་པ་དང་། རིག་གནས་ཤུལ་བཞག་དང་སྲུང་སྐྱོང་། གཞོན་ནུ་བཅས་ཡན་ལག་གླེང་སྟེགས་གསུམ་བཀོད་སྒྲིག་བྱས་ཡོད་པའི་ཐོག“དུས་རབས་ཀྱི་གནད་དོན་ལ་ལན་བཏབ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ”དང་། “ཤེས་དཔལ་གྱི་རྩ་བ་བསྲུངས་ནས་སྤེལ་རེས་དང་མིག་ལྟོས་ལ་སྐུལ་འདེད་གཏོང་བ” “ལང་ཚོའི་གྲུ་གཡོར་བསྒྲེངས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྱུང་འགྱུར་གཏོད་པ”བཅས་གྲོས་དོན་ཆེན་པོ་གསུམ་ལ་དམིགས་ཡོད།