ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་སུའེ་ཙེར་ཁེ་ལས་ཀྱི་གླེང་མོལ་ཚོགས་འདུ་དང་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་སུའེ་ཙེར་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་སུའུ་ལི་ཧྲིར་འཚོགས་པ།

སྤེལ་དུས 2024-06-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  སུའུ་ལི་ཧྲི་ནས་གནས་ཚུལ་འབྱོར་གསལ། ཀྲུང་གོ་དང་སུའེ་ཙེར་ཁེ་ལས་ཀྱི་གླེང་མོལ་ཚོགས་འདུ་དང་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་སུའེ་ཙེར་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་སུའུ་ལི་ཧྲིར་འཚོགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་ཞིག་རེད།
  སུའེ་ཙེར་གྱི་གོ་ལ་ཧྲིལ་པོའི་ཁེ་ལས་སྐུལ་སྤེལ་ཅུས་ཀྱི་གོ་ལ་ཧྲིལ་པོའི་དྲ་རྒྱ་དང་སྒྲིག་གཞིའི་འབྲེལ་བའི་སྤྱི་ཁྱབ་ལྟ་ཞིབ་པ་སི་ཐེ་ཧྥན·པཱ་ཉིས་ད་ཐེངས་ཀྱི་བྱེད་སྒོས་སུའེ་ཙེར་དང་ཀྲུང་གོའི་ཁེ་ལས་ལ་སྤེལ་རེས་དང་གླེང་མོལ་གྱི་སྟེགས་བུ་བསྐྲུན་ཡོད། སུའེ་ཙེར་གྱི་གོ་ལ་ཧྲིལ་པོའི་ཁེ་ལས་སྐུལ་སྤེལ་ཅུས་ཀྱིས་སུའེ་ཙེར་གྱི་ཁེ་ལས་དང་སྒྲིག་གཞི་དེ་བས་མང་བ་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་རྒྱུར་སྐུལ་འདེད་བཏང་ནས་སུའེ་ཀྲུང་དང་ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།
  སུའེ་ཀྲུང་དཔལ་འབྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཝུའེ་ཤིས་ཐིང་གིས་ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་ཀྲུང་གོའི་ཁྲོམ་ར་རྒྱ་ཆེན་པོ་ཡོད་པས་སུའེ་ཀྲུང་དཔལ་འབྱོར་མཐུན་ཚོགས་ཀྱིས་སུའེ་ཙེར་གྱི་ཁེ་ལས་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཧུར་ཐག་ཞུགས་པར་སྐུལ་ལྕག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།