ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཧྥ་རན་སེའི་བཟོ་ཚོང་ལས་རིགས་ཀྱིས་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་ལ་ཞུགས་པ་བརྒྱུད་ཧྥ་ཀྲུང་གི་མཉམ་ལས་གསར་གཏོད་ལ་སྐུལ་འདེད་ཐེབས་རྒྱུའི་རེ་སྒུག་བྱེད་པ།

སྤེལ་དུས 2024-06-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  2024ལོའི་ཀྲུང་གོ་དང་ཧྥ་རན་སེའི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་དང་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཧྥ་རན་སེའི་ལམ་བསྒྲགས་ཉེ་ཆར་ཕ་རི་སི་གྲོང་ཁྱེར་དུ་བྱས་ཤིང་། ཧྥ་རན་སེའི་བཟོ་ཚོང་ལས་རིགས་ཀྱི་མི་སྣས་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་ལ་ཞུགས་པ་བརྒྱུད་ཧྥ་ཀྲུང་མཉམ་ལས་གསར་གཏོད་ལ་སྐུལ་འདེད་ཐེབས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
  ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། ཀྲུང་ཧྥའི་ཁེ་ལས་ཀྱི་འཐུས་མི་300ཙམ་ཞུགས་ཡོད་པ་རེད། ཧྥ་རན་སེའི་ཙུང་ལི་ཟུར་པ་ཧྥ་རན་སེའི་མ་འོངས་སྔོན་དཔག་གསར་གཏོད་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལཱ་ཧྥ་ལན་གྱིས། ཕྱི་འབྲེལ་བཙུགས་ནས་ལོ་60རིང་། ཧྥ་ཀྲུང་དབར་སྤེལ་རེས་མཉམ་ལས་དམ་ཟབ་བྱས་ཡོད། ཧྥ་རན་སེའི་ཁེ་ལས་མང་པོས་ཀྲུང་གོར་མ་དངུལ་བཏང་ནས་བཟོ་གྲྭ་བཙུགས་ཏེ་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་དཔེ་མཚོན་མང་པོ་བཏོད་ཡོད། ཧྥ་ཀྲུང་གཉིས་ཀྱི་རིག་གནས་མི་འདྲ་ཡང་། ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་བརྒྱུད་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་དེ་བས་མང་བ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
  མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པ་2024ལོའི་ཟླ་11ཚེས་26ནས་30ཉིན་བར་པེ་ཅིང་དུ་གཉེར་རྒྱུ་ཡིན་ཞིང་། སྟོན་ཚོགས་ཐོག་སྔོན་ཐོན་བཟོ་སྐྲུན་འཁོར་འབྲེལ་དང་། རིག་ནུས་རླངས་འཁོར་འཁོར་འབྲེལ། འབྱུང་འཕྲོད་ཞིང་ལས་འཁོར་འབྲེལ། ནུས་རྒྱུ་གཙང་མའི་འཁོར་འབྲེལ། གྲངས་འཛིན་ཚན་རྩལ་འཁོར་འབྲེལ། བདེ་ཐང་འཚོ་བའི་འཁོར་འབྲེལ། མཁོ་སྤྲོད་འཁོར་འབྲེལ་ཞབས་ཞུ་བཅས་ཀྱི་འགྲེམས་ཁུལ་བཀོད་སྒྲིག་བྱ་རྒྱུ་ཡིན།