ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

གྲོགས་པོ་ཕྱི་རྒྱལ་བས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བ།

སྤེལ་དུས 2024-06-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉིན་ཤས་གོང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་རྟེན་མཛོད་ཁང་གིས་གཙོ་གཉེར་བྱས་པའི“དར་གོས་ལམ་བུའི་དྲོ་སྐྱིད་སྦྱིན་པའི་སྨན་བཅོས‘རྒྱུད་གཅིག་ལམ་གཅིག’ཀྲུང་ལུགས་གསོ་རིག་སྨན་རྫས་རིག་གནས་འགྲེམས་སྟོན”གྱིས་པེ་ཅིང་དུ་ཀྲུང་ལུགས་གསོ་རིག་སྨན་རྫས་རིག་གནས་བྱེད་སྒོ་སྤེལ་བར་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་པའི་ཚོགས་པ་དང་། རྒྱལ་སྤྱིའི་སྨྱན་སྦྱོར། དེ་བཞིན་རྒྱལ་མཚམས་སྒྲོལ་བའི་ཀུང་སིའི་འཐུས་མི་བཅས་མི་བརྒྱ་ཙམ་གྱིས་ལྟ་སྐོར་བྱས་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ཡོད།
  རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་རྟེན་མཛོད་ཁང་གི་ཀོན་ཀྲང་དབྱང་རུང་ཁྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “དར་གོས་ལམ་བུའི་དྲོ་སྐྱིད་སྦྱིན་པའི་སྨན་བཅོས”དེ་2023ལོའི་ཟླ་10ཚེས་16ཉིན་ནས་གཉེར་ཚུན་འགྲེམས་སྟོན་དང་། རིག་གནས་བྱེད་སྒོ བདེ་ཐང་འཆད་ཁྲིད་སོགས་རྣམ་པ་སྣ་ཚོགས་སྤེལ་བ་བརྒྱུད་རྒྱལ་ཁབ་ཕྱི་ནང་གིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ཏེ། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་དང་། རྒྱལ་སྤྱིའི་སྨྱན་སྦྱོར། ལས་རིགས་ཁག་གི་མང་ཚོགས་བཅས་ཀྱི་ཡིད་དབང་བཀུག་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་ཕྱི་རྒྱལ་དུ་ཁྱབ་སྤེལ་གཏོང་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད།
 
 འདི་ནི་རིག་གནས་བསམ་བཀོད་ཀྱི་སྤོས་གཞོང་འགྲེམས་སྟེགས་སུ་གྲོགས་པོ་ཕྱི་་རྒྱལ་བས་ཇུས་འགོད་ཞིབ་ཚགས་བྱས་པའི་སྤོས་གཞོང་ལ་ལྟ་བཞིན་པ།
  འདི་ནི་གྲོགས་པོ་ཕྱི་རྒྱལ་བས་ཀྲུང་ལུགས་གསོ་རིག་གི་འཕུར་མཉེད་བདེ་སྲུང་ཞབས་ཞུ་ཉམས་ལེན་བྱེད་བཞིན་པ།
  འདི་ནི་གྲོགས་པོ་ཕྱི་རྒྱལ་བས་རང་ཉིད་ཀྱིས་བཟོས་པའི་དྲི་ཞིམ་སྨན་ཁུག་ངོམ་བཞིན་པ།
  འདི་ནི་གྲོགས་པོ་ཕྱི་རྒྱལ་བས་བགྲུ་གཞོང་ནང་ཀྲུང་ལུགས་སྨན་རྩྭ་དབུར་བཞིན་པ།