ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཅཱ་ཧྲ་ས་ཁུལ་གྱི་བྱིས་པ17000དྭ་ཕྲུག་ཏུ་གྱུར་བ།

སྤེལ་དུས 2024-07-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན རྩོམ་པ་པོ།

            ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས9ཉིན། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་ལས་དོན་གྱི་བློན་ཆེན་གཅིག་ལྕོགས་ས་ཧྥ་ཏི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཉེ་ཤར་ས་ཁུལ་ཕ་ལི་སི་ཐན་ཡུལ་གྱར་རྒུད་སྐྱོབ་ལས་གྲྭ་ཁྲུའུ(ཉེ་ཤར་ས་ཁུལ་རྒུད་སྐྱོབ་ལས་གྲྭ་ཁྲུའུ)ཡི་ཀྲུའུ་རེན་ཀྲོན་ཡོན་ལ་ཀྲ་ལི་ཉི་དང་ཐུག་འཕྲད་བྱས།


            ལ་ཀྲ་ལི་ཉིས། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རོགས་སྐྱོར་གྱིས་ཕ་ལི་སི་ཐན་མང་ཚོགས་ཀྱི་དགོས་མཁོ་སྔར་བཞིན་སྐོང་ཐུབ་ཀྱི་མེད། མིག་སྔའི་བར་ཅཱ་ཧྲ་ས་ཁུལ་གྱི་བྱིས་པ17000དྭ་ཕྲུག་ཏུ་གྱུར་ནས་མི་ཆོས་དུས་བབ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་ཅེས་བཤད།

            ས་ཧྥ་ཏིས། ཅོར་ཏན་གྱིས་ཉེ་ཤར་ས་ཁུལ་རྒུད་སྐྱོབ་ལས་གྲྭ་ཁྲུའུ་དང་མཉམ་དུ་གནད་དོན་དེར་དགོས་ངེས་ཀྱི་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུ་ཡིན་ཞེས་བཤད།


རྩོམ་སྒྲིག་པ། རིག་གྲོལ།