ཀྲུང་གོའི་ཁེ་ལས་ཨུ་རུ་སུའི་ཞིང་འཕྲུལ་ཧྲ་ལུང་གི་རྒྱལ་སྤྱིའི་འགྲེམས་ཚོགས་ལ་ཞུགས་པ།
སྤེལ་དུས 2024-10-12
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
2024ལོའི་ཨུ་རུ་སུའི་ཞིང་འཕྲུལ་ཧྲ་ལུང་གི་རྒྱལ་སྤྱིའི་འགྲེམས་ཚོགས་ཟླ་10ཚེས་8ནས་11ཉིན་བར་མོ་སི་ཁོ་ཀྲོའུ་རུ་འཚོགས་ཤིང་ཨུ་རུ་སུ་དང་། བྷེ་ཨུ་རུ་སུ། ཀྲུང་གོ་སོགས་རྒྱལ་ཁབ་མང་པོའི་བཟོ་སྐྲུན་ཚོང་པས་མཉམ་འབྲེལ་བརྔ་སྡུད་འཕྲུལ་འཁོར་དང་། འདྲུད་འཐེན་འཁོར་ལོ། ཞིང་འཕྲུལ་གྱི་ལྷུ་ལག་སོགས་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་བྱས་པ་དང་། འགྲེམས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་5ལྷག་ཡོད་པ་རེད། འདི་ནི་ཟླ་10ཚེས་9ཉིན། ཨུ་རུ་སུའི་མོ་སི་ཁོ་ཀྲོའུ་རུ་འགྲེམས་ཚོགས་ལ་ཞུགས་མཁན་ཚོང་པས་ལྟད་མོ་བར་ཀྲུང་གོའི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ཞིང་འཕྲུལ་གྱི་ལྷུ་ལག་ངོ་སྤྲོད་བྱེད་བཞིན་པ།