ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཕེ་རུའི་ཆན་ཁའེ་ཕུག་ལམ་གྱི་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་བ།
སྤེལ་དུས 2024-10-12
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཚེས་9ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་པས་སྐྲུན་འགན་འཁུར་བའི་ཕེ་རུའི་ཆན་ཁའེ་ཕུག་ལམ་གྱི་ཨར་འདམ་ལུགས་རྒྱག་པའི་ལས་དོན་བདེ་བླག་ངང་མཇུག་འགྲིལ་བ་དེ་ཐོག་ནས་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་བ་མཚོན་ཡོད། ཆན་ཁའེ་ཕུག་ལམ་རྣམ་གྲངས་ནི་ཚང་མས་དོ་སྣང་བྱེད་པའི་ཕེ་རུའི་ཆན་ཁའེ་གྲུ་ཁའི་འགག་རྩའི་ལེ་ལག་ཚང་བའི་ལས་གྲྭ་ཞིག་རེད། ཆན་ཁའེ་གྲུ་ཁ་ནི་ཕེ་རུའི་རྒྱལ་ས་ལི་མའི་བྱང་ཕྱོགས་ཀྱི་ཆན་ཁའེ་གྲུ་ཁར་གནས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་མ་རྐང་ཚོད་འཛིན་དང་མ་འཇོག་གསར་སྤེལ་བྱས་པའི་ཀྲུང་ཕེ་མཉམ་སྐྲུན་གྱི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རྣམ་གྲངས་ཤིག་ཀྱང་རེད། བསྐྲུན་རྗེས་ལ་ཏིང་མེ་གླིང་ས་ཁུལ་གྱི་ལྟེ་བའི་གྲུ་ཁ་དང་ཞི་བདེ་རྒྱ་མཚོའི་གྲུ་ཁ་གཙོ་བོར་འགྱུར་རྒྱུ་རེད། འདི་ནི་ཀྲུང་གོ་ལྕགས་ལམ་ཅུས་བཅུ་པས་སྐྲུན་འགན་འཁུར་བའི་ཕེ་རུའི་ཆན་ཁའེ་ཕུག་ལམ་ནས་པར་བརྒྱབ་པའི་ཨར་ལས་བྱ་ཡུལ་ཡིན་པ།