ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

དབྱི་སི་རལ་གྱིས་དམག་མཚམས་འཇོག་རྒྱུར་མོས་མཐུན་བྱས་འདུག

སྤེལ་དུས 2024-11-26 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
            ས་གནས་དེ་གའི་དུས་ཚོད་ཚེས་24ཉིན་གྱི་དགོང་མོར། དབྱི་སི་རལ་གྱི་སྤྱི་པའི་རླུང་འཕྲིན་ཀུང་སིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིས་དབྱི་སི་རལ་དང་ལི་པ་ནོན་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གྱི་འཆར་ཟིན་བཏོན་པར་དབྱི་སི་རལ་གྱིས་རྩ་དོན་ཐོག་མོས་མཐུན་བྱས་པ་དང་། ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཉེ་ལམ་སྤྱི་དམངས་ལ་འཆར་ཟིན་དེ་ཇི་ལྟར་ཁྱབ་བསྒྲགས་བྱ་རྒྱུར་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བཤད།
            གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིས་དབྱི་སི་རལ་ལ་ཁག་ཐེག་བྱས་ཟིན་གསལ་དུ། ལེ་པ་ནོན་གྱི་དཀོན་མཆོག་ཏང་གིས་དམག་མཚམས་འཇོག་པའི་གྲོས་མཐུན་དང་རྒྱབ་འགལ་བྱས་ན། དབྱི་སི་རལ་ཕྱོགས་གཅིག་པུས་བྱ་སྤྱོད་སྤེལ་ཐུབ།
            ད་ལྟའི་བར་དུ། དབྱི་སི་རལ་གཞུང་ཕྱོགས་ཀྱིས་གནས་ཚུལ་འདིར་ལན་མ་བཏབ།
            ས་གནས་དེ་གའི་དུས་ཚོད་ཚེས་24ཉིན་གྱི་དགོང་མོར། དབྱི་སི་རལ་གྱིས་ལེ་པ་ནོན་པེ་ལོ་ཐི་ལྷོ་འདབས་སུ་འཇབ་རྒོལ་གསར་པ་ཞིག་བྱས་པ་རེད། ལེ་པ་ནོན་པེ་ལོ་ཐེའི་ས་ཆ་མང་ཆེ་བར་ལྷོ་ཕྱོགས་ནས་གྲགས་ཡོང་བའི་གས་གཏོར་གྱི་སྒྲ་ཐོས་ཐུབ། ལེ་པ་ནོན་རྒྱལ་ཁབ་ཀྱི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། པེ་ལོ་ཐེའི་ལྷོ་འདབས་དང་ཉེ་བའི་ས་ཆ་མང་པོར་མཁའ་རྒོལ་བྱས་པས་མེ་ཤོར་བ་དང་དུ་བ་ལང་ལོང་དུ་འཕྱུར་བཞིན་ཡོད།
            དེ་སྔོན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་གསར་འགྱུར་མགྲིན་ཚབ་པས་ཕྱིར་འཐེན་བཀའ་རྒྱ་མང་པོ་ཁྱབ་བསྒྲགས་བྱས་ནས། ས་གནས་12ལ་རྟགས་བཀོད་དེ་དམག་དཔུང་གིས་པེ་ལུའུ་ཐེའི་ལྷོ་འདབས་ཀྱི་ཀོ་པེ་ལི་དང་། ཧ་ལེ་ཐེ་ཧོ་ལི་ཁི། ཆའོ་དབྱི་ཧྥ་ཐེ་དང་པུར་ཅི་པ་ལ་ཅེ་ནེ་སོགས་ས་ཁོངས་སུ་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད།