ཧན་གོའི་གནམ་གྲུའི་དོན་རྐྱེན་སྐོར་གྱི་གནས་ཚུལ།
སྤེལ་དུས 2024-12-30
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཧན་གོའི་མེ་ཟོན་སྡེ་ཚན་གྱི་གསར་འགྱུར་གསར་ཤོས་ལྟར་ན། ཧན་གོའི་ཝུའུ་ཨན་གནམ་ཐང་དུ་འབབ་སྐབས་མེ་ལ་ཤོར་བའི་འགྲུལ་སྐྱེལ་གནམ་གྲུའི་ཁྲོད་གར་སོང་ཆ་མེད་དུ་གྱུར་བའི་མི་མང་ཆེ་བ་རྐྱེན་ལམ་དུ་ཤོར། མིག་སྔར་ལས་མཇུག་ལེགས་བསྡུས་ཀྱི་ལས་དོན་སྤེལ་བཞིན་ཡོད།
ས་གནས་དེ་གའི་དུས་ཚོད་ཟླ12པའི་ཚེས29ཉིན། ཧན་གོའི་ཆོན་ལུའོ་ནན་ཏའོ་མེ་གསོད་ཧྲུའུ་ཡིས་བསྟན་དོན། ཅི་ཀྲོའུ་མཁའ་འགྲུལ་གྱི་གནམ་གྲུ7C2216ཐོག་གི་མི181ཁྲོད་དུ་མི80རྐྱེན་ལམ་དུ་ཤོར་བ་དང་། མི99གར་སོང་ཆ་མེད་དུ་གྱུར་ཅིང་། མི2ལ་རྨས་སྐྱོན་ཕོག གར་སོང་མེད་པར་གྱུར་བའི་མི་མང་ཆེ་བ་རྐྱེན་ལམ་དུ་ཤོར་བ་དང་། མིག་སྔར་རོགས་སྐྱོབ་ལས་དོན་དེ་ལས་མཇུག་ལེགས་བསྡུས་ཀྱི་ལས་དོན་ལ་བསྒྱུར་ཡོད།
ཧན་གོའི་ཆོན་ལུའོ་ནན་ཏའོ་མེ་གསོད་ཧྲུའུ་ཡིས་སྐྱབས་པའི་མི་གཉིས་ནི་གནམ་གྲུའི་ཞབས་ཞུ་བ་ཡིན་ཞེས་བཤད།
དེའི་སྔོན། ཧན་གོའི་མེ་གསོད་སྡེ་ཚན་གྱིས་ཅི་ཀྲོའུ་མཁའ་འགྲུལ་གྱི་གནམ་གྲུ7C2216འགྲུལ་པའི་ནང་གི་མིས་བཤད་རྒྱུར། དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཐོག་མི2ཉེན་ཁ་ལས་ཐར་བ་ཕུད། གཞན་དག་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་སྲིད་ཅེས་བཤད། འབྲེལ་ཡོད་སྡེ་ཚན་གྱིས་མིག་སྔར་འགྲུལ་པའི་མིང་ཐོ་དང་གནམ་གྲུའི་ནང་གི་འགྲུལ་པའི་གནས་ཡུལ་སོགས་གཏན་འཁེལ་བྱེད་པ་དང་། རྐྱེན་ལམ་དུ་ཤོར་བའི་མིའི་ཐོབ་ཐང་གཏན་འཁེལ་བྱེད་བཞིན་ཡོད།