ལུའུ་ཐུའུ་གསར་འགྱུར་ཁང་གིས་ཁ་ན་ཏའི《གོ་ལ་ཧྲིལ་པོའི་སྦྲག་པར》སྟེང་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་ཡིས་སྔོན་དཔག་བྱས་ན། ཆེས་སྔ་ན་ས་གནས་དེ་གའི་དུས་ཚོད་ཟླ་དང་པོའི་ཚེས6ཉིན་རང་དབང་ཏང་གི་གཙོ་འཛིན་གྱི་གོ་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས།
གནས་ཚུལ་སྤེལ་བར་གཞིགས་ན། གསར་འགྱུར་མི་སྣས《གོ་ལ་ཧྲིལ་པོའི་སྦྲག་པར》ལ་བརྗོད་དོན། སྔོན་དཔག་བྱས་ན་ཐེ་ལུའུ་ཏུའོ་ཡིས་ཚེས8ཉིན། རྒྱལ་ཡོངས་ཏང་ཚོགས་ཀྱི་ཚོགས་འདུ་མ་འཚོགས་གོང་ལས་ཁུར་དགོངས་ཞུ་བྱེད་རྒྱུའི་གནས་ཚུལ་ཁྱབ་བསྒྲགས་བྱས།
གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཐེ་ལུའུ་ཏུའོ་འཕྲལ་དུ་ལས་བྲལ་བྱེད་སྲིད་མིན་དང་ཡང་ན་མུ་མཐུད་དུ་ཙུང་ལིའི་འགན་འཁུར་རྒྱུ་ཡིན་མིན་ད་དུང་གསལ་པོ་ཤེས་ཀྱིན་མེད།
དེ་སྔོན་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ཟླ12པར། སྐབས་དེ་དུས་ཁ་ན་ཏའི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་ཀྱིས་ནང་བློན་ཁང་གི་གོ་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས། དེ་རྗེས་ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་ཡིས་ནང་བློན་ཁང་བཅོས་སྒྲིག་བྱས་ནས། དེའི་ནང་གི་ཁོངས་མི་གསུམ་ཆ་གཅིག་ཙམ་ལེགས་སྒྲིག་བྱས་ཏེ་སྲིད་གཞུང་རྒྱུན་ལྡན་འཁོར་སྐྱོད་འགན་ལེན་བྱས། ཉེ་ཆར་ཁ་ན་ཏའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་དབང་ཏང་གི་གྲོས་མི་མང་པོ་ཞིག་གིས་ཐེ་ལུའུ་ཏུའོ་ལ་རང་དབང་ཏང་གི་གཙོ་འཛིན་གྱི་གོ་གནས་དགོངས་ཞུ་བྱ་རྒྱུའི་རེ་འབོད་བྱས།
རྩོམ་སྒྲིག་པ། རིག་གྲོལ།