ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཏ་ལན་གྱིས་འཛམ་གླིང་གི་མཚོ་ཐོག་གནམ་ཐང་ཆེ་ཤོས་བསྐྲུན་རྩིས་ཡོད་པ།

སྤེལ་དུས 2025-01-09 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཀྲུང་གོས་པོ་ཧའེ་མཚོ་ཁུག་ཏུ་མཚོ་ཐོག་གནམ་ཐང་ཆེ་ཤོས་ཤིག་བསྐྲུན་རྒྱུའི་ཐག་བཅད་པ་རེད། སྔོན་དཔག་བྱས་ན། གནམ་ཐང་དེ་2035ལོར་བསྐྲུན་ཟིན་རྒྱུ་ཡིན་པ་དང་། བསྐྲུན་རྗེས་འཛམ་གླིང་གི་མཚོ་ཐོག་མིས་བཟོས་གླིང་ཕྲན་གྱི་གནམ་ཐང་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་པ་རེད།
  མིག་སྔར་སྐྲུན་བཞིན་པའི་ཏ་ལན་ཅིན་ཀྲོའུ་མཚོ་ཁུག་རྒྱལ་སྤྱིའི་གནམ་ཐང་ནི་ཀྲུང་གོའི་མཚོ་ཐོག་གནམ་ཐང་དང་པོ་དེ་ཡིན་པ་དང་། ལས་གྲྭ་དེས་རྒྱལ་སྤྱིའི་མཚོ་ཐོག་གནམ་ཐང་ཆེ་གྲས་ཀྱི་འཛུགས་སྐྲུན་ལག་རྩལ་དང་བྱ་ཐབས་དཔྱད་གཞིར་བྱས་ཏེ་རྒྱ་མཚོ་བསུབས་ནས་མིས་བཟོས་གླིང་ཕྲན་སྐྲུན་པ་སོགས་ཀྱི་བྱ་ཐབས་བརྒྱུད་གནམ་ཐང་དེ་བསྐྲུན་རྒྱུ་རེད།
  གནམ་ཐང་དུ་རྒྱུག་ལམ་4བཟོ་རྒྱུའི་འཆར་འགོད་བྱས་ཤིང་། སྔོན་ལ་རྒྱུག་ལམ་2བཟོ་རྒྱུ་ཡིན་པ་དང་དེའི་རིང་ཚད་ལ་སྨི་3600ཡོད་པས་གོ་ལ་ཧྲིལ་པོའི་དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་ཆེ་ཤོས་འབབ་འཕུར་ཐུབ་རྒྱུ་དང་། གནམ་ཐང་ནང་ད་དུང་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་90ཟིན་པའི་གནམ་ཐང་འབབ་ཚུགས་ཤིག་བསྐྲུན་རྒྱུ་རེད། གནམ་ཐང་བསྐྲུན་རྗེས་སྔོན་དཔག་བྱས་ན། ལོ་ལྟར་དུས་གཏན་གནམ་གྲུ་ཁྲི་54འབབ་འཕུར་ཐུབ་རྒྱུ་དང་། ལོ་འཁོར་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་8000ཟིན་རྒྱུ་རེད། དུས་ཐེངས་དང་པོའི་ལས་གྲྭ་2035ལོར་ལེགས་གྲུབ་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་རེད།
  གནམ་ཐང་གསར་དུ་བསྐྲུན་པ་ནི་ཀྲུང་གོའི་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པའི་མཚོན་རྟགས་ཤིག་རེད།
  —— ཨ་རིའི་རླུང་འཕྲིན་ལས་ཁུངས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།