ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་བྷང་ག་ལའི་ལྕགས་ལམ་རྣམ་གྲངས་ཆེ་ཤོས་ལས་གཉེར་བྱེད་འགོ་ཚུགས་པ།
སྤེལ་དུས 2025-01-09
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཉིན་ཤས་གོང་། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་བྷང་ག་ལའི་ལྕགས་ལམ་རྣམ་གྲངས་ཆེ་ཤོས་ཕཱ་ཏེ་མཱ་ཟམ་ཆེན་ལྕགས་ལམ་གྱི་སྦྲེལ་མཐུད་ལམ་ཐིག་ལས་གཉེར་བྱེད་འགོ་ཚུགས་ཡོད། ཕཱ་ཏེ་མཱ་ཟམ་ཆེན་གྱི་ལྕགས་ལམ་སྦྲེལ་མཐུད་ལམ་ཐིག་ནི་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་ཞིག་ཡིན་པ་དེའི་ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་170ཡོད་པ་དང་། ལམ་ཐིག་ཐོག་མ་དེ་2023ལོའི་ཟླ་10པར་ཤར་གཏོང་ཐུབ་ཡོད། བྷང་ག་ལའི་ལྕགས་ལམ་པུའི་འབྲེལ་ཡོད་འགན་འཁུར་བས། ལྕགས་ལམ་དེའི་སྦྲེལ་མཐུད་ལམ་ཐིག་ལས་གཉེར་ཐུབ་པ་དེས་རྒྱལ་ས་ཏ་ཁ་དང་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་དབར་འགྲོ་སྐྱོད་བྱེད་པའི་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་ནས་བྷང་ག་ལའི་རྒྱལ་ཁབ་ཀྱི་ལྕགས་ལམ་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལེའུ་གསར་པ་བཏོད་པ་དང་། ལྕགས་ལམ་དེའི་སྦྲེལ་མཐུད་ལམ་ཐིག་གིས་ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད། འདི་ནི་ཕཱ་ཏེ་མཱ་ཟམ་ཆེན་ལྕགས་ལམ་གྱི་སྦྲེལ་མཐུད་ལམ་ཐིག་ཐོག་མེ་འཁོར་སྐྱོད་བཞིན་ཡོད་པ། ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིས་མཁོ་འདོན་བྱས་པའི་པར།