ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་ཚོང་ཟོག་ཝེ་ཐེ་ནམ་གྱི་ཁྲོམ་རར་བྲིན་ཁ་རྒྱུག་པ།
སྤེལ་དུས 2025-01-09
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས། ཀྲུང་གོས་བཟོས་པའི་ལྒང་བཞུ་དང་། མེ་ཏོག དྲི་ཞིམ་ཡང་ལཱ། རྒྱན་ཆ། གྱོན་ཆས། མཛེས་བཟོའི་ཐོན་རྫས། ཞོར་ཟས་བཅས་པ་ཝེ་ཐེ་ནམ་གྱི་ཁྲོམ་རར་དབོར་ཞིང་། དཔྱིད་གསར་དུས་ཆེན་མ་འཆར་གོང་ཝེ་ཐེ་ནམ་གྱི་ཉོ་སྒྲུབ་ཀྱི་དགོས་མཁོ་ཆེ་རུ་ཤུགས་ཆེན་ཕྱིན་ཏེ། རྒྱུ་སྤུས་དག་ཅིང་རིན་གོང་ཁེ་ལ་སྣ་ཁ་འཛོམས་པའི་ཀྲུང་གོའི་ནང་འདྲེན་ཚོང་ཟོག་དག་ཝེ་ཐེ་ནམ་གྱི་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད།
ཧུའུ་ཀྲི་མིང་གྲོང་ཁྱེར་གྱི་ཤིན་ཏིང་ཁྲོམ་རར་རྒྱན་ཆའི་ཚོང་རྒྱག་མཁན་ཞིག་གིས། ཀྲུང་གོའི་ཚོང་ཟོག་མང་པོ་འཐེན་ནས་འཆར་ཉེར་ཡོད་པའི་དཔྱིད་གསར་དུས་ཆེན་ལ་གྲ་སྒྲིག་བྱས་པ་ཡིན། ཀྲུང་གོ་ནས་འཐེན་པའི་དཔྱིད་གསར་དུས་ཆེན་གྱི་ཚོང་ཟོག་དེ་དག་བཟོ་ལྟ་དར་སོ་ཆེ་ལ་རི་མོ་སྣ་ཁ་འཛོམས་པའི་ཐོག་མ་གནས་ཀྱང་ཆུང་བས་ཚོང་ཁང་ལ་ཁེ་སྤོགས་མང་དུ་འགྲོ་རྒྱུ་རེད་ཅེས་བཤད།
དུས་མཚུངས། ཀྲུང་གོའི་ཁ་ཟས་དཔེར་ན། ཆང་འབྲས་ཏན་ཞིམ་དང་། སེར་རིལ་ཏན་ཞིམ། ཤ་སོབ་ཏན་ཞིམ་སོགས་ལ་ཝེ་ཐེ་ནམ་གྱི་གཞོན་ནུས་དགའ་པོ་བྱེད་ཀྱི་ཡོད།
ཝེ་ཐེ་ནམ་གྱི་འཛད་རྫས་ཐོན་སྐྱེད་ཚོང་ཁང་ཞིག་གི་འགན་འཁུར་བས། དཔྱིད་གསར་དུས་ཆེན་གོང་ཀྲུང་གོའི་ཚོང་ཟོག་ཝེ་ཐེ་ནམ་དུ་བྲིན་ཁ་ཧ་ཅང་རྒྱུག་ལ། དྲ་ཐོག་ཚོང་དོན་ལས་སྟེགས་དར་བ་དེས་ཀྱང་ཀྲུང་གོའི་ཚོང་ཟོག་ནང་འདྲེན་ལ་སྔར་བས་སྟབས་བདེ་བྱུང་ཡོད་ཅེས་བཤད།
—— ཝེ་ཐེ་ནམ་གྱི《ན་གཞོན་ཚགས་པར》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།