ཐེ་རོན་ཕུས་ཨ་རིའི་ཙུང་ཐུང་སྐབས་47པའི་འགན་འཁུར་རྒྱུའི་དམ་བཅའ་བཞག
སྤེལ་དུས 2025-01-22
ཡོང་ཁུངས།
རྩོམ་པ་པོ།
ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་20ཉིན་དང་པེ་ཅིང་གི་དུས་ཚོད་ཚེས་21ཉིན་གྱི་ཐོ་རེངས། ཨ་རིའི་བདམས་ཐོན་བྱུང་བའི་ཙུང་ཐུང་། སྤྱི་མཐུན་ཏང་མི་ཐེ་རོན་ཕུས་ཝ་ཧྲིན་ཏོན་རྒྱལ་ཚོགས་ཐོག་ཁང་གི་སྒོར་དབྱིབས་ཚོམས་ཆེན་དུ་འཚོགས་པའི་འགན་བཞེས་མཛད་སྒོའི་ཐོག ཨ་རིའི་ཙུང་ཐུང་སྐབས་47པའི་འགན་འཁུར་རྒྱུའི་དམ་བཅའ་བཞག་ཡོད།
ཐེ་རོན་ཕུས་སྲིད་འཛིན་བཀའ་རྒྱ་རབ་དང་རིམ་པར་མིང་རྟགས་འགོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། བཀའ་རྒྱ་དེ་དག་ནང་ལྷོ་རྒྱུད་མཐའ་མཚམས་དེ་རྒྱལ་ཁབ་ཀྱི་ཛ་དྲག་རྣམ་པར་སླེབས་པ་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། ཁྲིམས་འགལ་གྱི་གནས་སྤོས་ཡུལ་མིའི་གནོད་འཚེའི་རང་བཞིན་གྱི་བཙན་འཛུལ་ཟེར་བ་བཀག་འགོག་བྱེད་པར་དམག་དཔུང་མངགས་གཏོང་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་ནུས་རྒྱུའི་ཛ་དྲག་རང་བཞིན་ཁྱབ་བསྒྲགས་བྱ་རྒྱུ། སྲོལ་རྒྱུན་གྱི་ནུས་རྒྱུ་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། པའེ་ཏེང་སྲིད་གཞུང་གི་ལྗང་མདོག་སྲིད་ཇུས་གསར་པ་ཞེས་པ་མཇུག་སྒྲིལ་རྒྱུ། གློག་སྒུལ་འཁོར་རིགས་ཀྱི་གཟིགས་སྐྱོང་སྲིད་ཇུས་མེད་པ་བཟོས་ནས་ཨ་རིའི་སྲོལ་རྒྱུན་རླངས་འཁོར་བཟོ་ལས་སྐྱོབ་རྒྱུ། ཕྱི་ཕྱོགས་ཁྲལ་དོན་ལས་ཁུངས་བཙུགས་ནས་ཕྱི་རྒྱལ་ནས་ནང་འདྲེན་བྱེད་པའི་ཐོན་རྫས་ལ་སྒོ་ཁྲལ་སྣོན་བསྡུ་བྱ་རྒྱུ། ཨ་རི་སྲིད་གཞུང་གིས་མཚན་ཁྱད་ཕོ་མོ་གཉིས་ཁོ་ན་ལས་ཁས་ལེན་མི་བྱེད་པའི་ཁྱབ་བསྒྲགས་བྱ་རྒྱུ། མོ་ཞི་ཁོའི་མཚོ་ཁུག་ཅེས་པའི་མིང་དེ་ཨ་རིའི་མཚོ་ཁུག་ཅེས་པར་བསྒྱུར་རྒྱུ། ཨ་རིའི་མངའ་ཁོངས་རྒྱ་བསྐྱེད་ནས་ཨ་རིའི་རྒྱལ་དར་ས་ངོས་སྙོམས་ཐིག་གསར་པའི་སྟེང་འཛུགས་རྒྱུ། ཨ་རིའི་མཁའ་སྐྱོད་པ་སྐར་མ་མིག་དམར་སྟེང་བསྐྱལ་རྒྱུ་བཅས་ཚུད་འདུག
ཉིན་དེའི་འགན་བཞེས་དམ་འཇོག་མཛད་སྒོ་དེ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཆེས་མཐོའི་ཁྲིམས་ཁང་གི་དབུ་བཞུགས་ཁྲིམས་དཔོན་ཆེན་མོ་གཡོད་ཧན་·རུ་པོ་ཚིས་གཙོ་སྐྱོང་བྱས་པ་དང་། རུ་པོ་ཚིའི་སྣེ་ཁྲིད་འོག་ཐེ་རོན་ཕུས་འགན་བཞེས་དམ་བཅའ་བཞག་འདུག
ཨ་རིའི་ཙུང་ཐུང་གཞོན་པར་བདམས་ཐོན་བྱུང་བའི་ཝན་སིས་ཀྱང་ཉིན་དེར་ཨ་རིའི་ཙུང་ཐུང་གཞོན་པའི་འགན་འཁུར་རྒྱུའི་དམ་བཅའ་དངོས་སུ་བཞག་འདུག