ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་རིས་རྒྱལ་ཁབ་འདིར་སྒོ་ཁྲལ་50%བསྡུ་རྒྱུ་རེད།

སྤེལ་དུས 2025-02-13 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
            གསར་འགོད་པར་ས་གནས་དེ་གའི་དུས་ཚོད་ཚེས་11ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་ཕོ་བྲང་དཀར་པོའི་དཔོན་རིགས་ཤིག་གིས། ཁ་ན་ཏས་ཨ་རིར་ཨ་རིར་ཕྱིར་གཏོང་བྱས་པའི་ངར་ལྕགས་དང་ཧ་ཡང་ནས་བསྡུ་བའི་སྒོ་ཁྲལ་གྱི་25%ཁ་ན་ཏའི་སྒོ་ཁྲལ་གཞན་དག་སྣོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
            ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་བཤད་དོན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཁ་ན་ཏ་ནས་ནང་འདྲེན་བྱས་པའི་ངར་ལྕགས་དང་ཧ་ཡང་ལ་སྒོ་ཁྲལ་25%བསྡུ་རྩིས་ཡོད་པ་དང་། དེའི་གོང་ཐེ་རོན་ཕུ་སྲིད་གཞུང་གིས་ཁ་ན་ཏ་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ལ་ཁྱོན་ཡོངས་ནས་སྒོ་ཁྲལ་25%བསྡུ་རྒྱུའི་འཇིགས་སྐུལ་བྱས་པ་རེད། གལ་ཏེ་འཆར་གཞི་དེ་དག་ཁྲོད་ཀྱི་བྱེད་ཐབས་ལག་བསྟར་བྱས་ཚེ། སྒོ་ཁྲལ་རིགས་གཉིས་རྩེག་སྣོན་བྱས་ནས་ཁ་ན་ཏས་ཨ་རིར་ཕྱིར་གཏོང་བྱས་པའི་ངར་ལྕགས་དང་ཧ་ཡང་ལ་སྒོ་ཁྲལ་50%བསྡུ་རྒྱུ་ཡིན་པ་རེད།
            ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་10ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་ནས། ཨ་རིར་ནང་འདྲེན་བྱེད་པའི་ངར་ལྕགས་དང་ཧ་ཡང་གཉིས་ཀར་སྒོ་ཁྲལ་25%བསྡུ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།