ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཡུག་རེན་ནས་ཨུ་རུ་སུ་དང་ལྷན་དུ་ཞི་གྲོས་ཡོད་ཚད་ནང་ཞུཊ་རྒྱུ།

སྤེལ་དུས 2025-02-18 ཡོང་ཁུངས། རྩོམ་པ་པོ།

  ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་གཉིས་པའི་ཚེས་13ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཡུག་རེན་ནས་ཨུ་རུ་སུ་དང་ལྷན་དུ་ཞི་བདེའི་གྲོས་མོལ་ཡོད་ཚད་ཀྱི་ནང་ཞུགས་རྒྱུ་རེད་ཅེས་བསྟན་འདུག
  སྤྱི་ཚེས་13ཉིན་གྱི་སྔ་ཙམ་གོང་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས། ཡུག་རེན་ཞུགས་མེད་པའི་ཕྱོགས་གཉིས་ཞི་གྲོས་གང་ཡང་དང་ལེན་བྱ་རྒྱུ་མིན་ཞིང་། ཡོ་རོབ་དེ་ཉིད་རོགས་ཟླའི་ཕྱོགས་ཤིག་ཡིན་པའི་ངོས་ནས་གྲོས་མོལ་གྱི་ནང་ཞུགས་དགོས་ཀྱི་ཡོད་ཅེས་བཤད་པ་རེད།
  ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུས་ཀྱང་སྤྱི་ཚེས་13ཉིན་གྱི་སྔ་ཙམ་གོང་། ཨུ་རུ་སུས་ཨ་རི་ཉིད་ཡུག་རེན་གནད་དོན་གྲོས་མོལ་ཁྲོད་ཀྱི་ཁ་གཏད་གཙོ་བོ་ཡིན་ཞེས་བསྟན་ཡོད། ཕེ་སི་ཁོ་ཧྥུས་ཡུག་རེན་གྱིས་བྱ་ཐབས་གང་རུང་ཞིག་སྤྱད་དེ་ཞི་བདེའི་གྲོས་མོལ་ནང་ཞུགས་དགོས་ངེས་ཡིན་མོད། འོན་ཏེ་ཨ་རི་དང་ཨུ་རུ་སུ་གཉིས་བར་ཕྱོགས་གཉིས་གྲོས་མོལ་སྒྲིག་སྲོལ་ཞིག་ཡོད་ཅེས་བསྟན་འདུག
  སྤྱི་ཚེས་12ཉིན་ཐེ་རོན་ཕུས་སྔ་རྗེས་སུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་གཉིས་ལ་ཁ་པར་བརྒྱབ་ཡོད། ཐེ་རོན་ཕུའུ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། ཨ་རི་དང་ཨུ་རུ་སུ་ཕྱོགས་གཉིས་ཀས་ཨུ་ཡུག་གདོང་ཐུག་མཇུག་སྒྲིལ་ཆེད་མཉམ་ལས་དམ་ཟབ་བྱ་རྒྱུར་མོས་མཐུན་བྱུང་བ་མ་ཟད། ཕྱོགས་སོ་སོའི་ཚོགས་པ་མངགས་གཏོང་བྱས་ནས་དེ་མུར་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།