གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

2020ལོའི་དཔྱིད་གསར་མཚན་ཚོཊ་གསར་འགྱུར་ཡོངས་བསྒྲཊ་ཚོགས་འདུ་འཚོཊ།

སྤེལ་དུས 2020-01-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འབྱོར་འབྲིང་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད། བཀྲ་ཤིས་ལོ་གསར་ལྷན་དུ་དགའ་གཏོང་བྱེད། སྤྱི་ཚེས20ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས༼སྤྱི་ལོ2020ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་༽ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྨྱན་སྦྱོར་གསར་འགོད་པར་ད་ལོའི་དཔྱིད་གསར་མཚན་ཚོགས་ཀྱི་ལེ་ཚན་ལ་ཁྱད་ཆོས་གང་དག་ཡོད་མེད་དང་དེ་བཞིན་ལག་རྩལ་གསར་སྐྲུན་གྱི་མཁོ་སྤྱོད་སོགས་ཀྱི་སྐོར་གཅིག་སྡུད་ཐོག་མཚམས་སྦྱོར་བྱས་ཡོད་པ་དང་། ཚོགས་འདུའི་ཐོག་ད་དུང་དཔྱིད་གསར་མཚན་ཚོགས་ཀྱི་སྨྱན་སྦྱོར་ཀུན་འཛོམས་བརྒྱུད་སྤེལ་གྱི་འཆར་གཞི་ཁྱབ་བསྒྲགས་བྱས་ཡོད། 

          སྤྱི་ལོ2020ལོའི་དཔྱིད་གསར་མཚན་ཚོགས་ནི་བརྗིད་ཉམས་ལྷག་ཏུ་ཆེ་བ་དང་། ངོ་མཚར་འཁྲུག་ཆ་དོད་པ། ཉམས་སྣང་སྤྲོ་བས་ཕྱུག་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་མི་རྣམས་ཡིད་འགུག་མི་བྱེད་ག་ལ་སྲིད། ལེ་ཚན་ཧྲིལ་པོ་ནི་རྒྱུན་འཛིན་གྱི་ཁྲོད་དུ་གསར་སྐྲུན་བྱས་པ་དང་། བཀྲ་ཤིས་དགའ་སྤྲོ་འཕེལ་བ། རྟེན་འབྲེལ་བཟང་པོ་འགྲིག་པའི་རྣམ་པའི་ཁྲོད་དྲང་ནུས་ཀྱིས་ཕྱུག་ཡོད་པ་རེད།
          ད་ལོའི་དཔྱིད་གསར་མཚན་ཚོགས་ཀྱི་གར་སྟེགས་ཐོག་རྒན་དར་གཞོན་གསུམ་ལས་གྲུབ་པའི་སྒྱུ་རྩལ་མཁས་པ་མང་པོ་མཉམ་དུ་འཛོམས་ནས།  ལོ་ཚད་མི་འདྲ་བའི་གཟིགས་མོ་བའི་དགའ་ཕྱོགས་དང་རེ་སྒུག་ལ་བསམ་བློ་བཏང་ཡོད། དཔྱིད་གསར་མཚན་ཚོགས་ནི་སྔར་བཞིན་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་དབྱེ་བའི་རྣམ་པའི་ཐོག་ནས་གར་སྟེགས་བཀོད་སྒྲིག་བྱས་ཡོད། སྐབས་དེ་དུས།   པེ་ཅིང་གི་ཚོགས་ར་གཙོ་བོས་ཧོ་ནན་ཀྲེང་ཀྲའུ་ཡི་ཡན་ལག་ཚོགས་ར་དང་། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཡན་ལག་ཚོགས་ར་དང་མཉམ་འགུལ་བྱས་ནས་དུས་བཟང་གི་མཉམ་སྤྲོ་ཆེན་པོ་ཞིག་གཉེར་རྒྱུ་ཡིན་པ་རེད། 

                དྭངས་གསལ་བརྙན་མཐོང་སྒྲིག་བཟོ་དང་། VNISརྟོག་བཟོའི་བྱེད་སྒོ་སོགས་ཀྱི་ལག་རྩལ་གསར་པ་སྤྱོད་རྒྱུ་ཡིན་པས། དུས་རབས་གསར་པའི་དཔྱིད་གསར་མཚན་ཚོགས་ཀྱི་ངོ་མཚར་དང་། གསོན་ཤུགས། གསར་སྐྲུན་ནུས་པ་བཅས་མངོན་རྒྱུ་ཡིན་པ་རེད། སྤྱི་ཁྱབ་ལས་ཁུངས་ཀྱིས་ད་དུང8Kཆེས་དྭངས་གསལ་བརྙན་འཕྲིན་པར་མའི་སྤྱི་ལོ2020ལོའི་དཔྱིད་གསར་མཚན་ཚོགས་ཐོག་མར་སྒྲིག་བཟོ་བྱ་རྒྱུ་མ་ཟད། སྤྱི་ལོ2020ལོའི་དཔྱིད་གསར་མཚན་ཚོགས་ཀྱི་ཐད་གཏོང་གློག་བརྙན་འགྲེམས་སྤེལ་ཐེངས་དང་པོ་བྱ་རྒྱུ་ཡིན་པ་རེད།

          ད་ལོའི་དཔྱིད་གསར་མཚན་ཚོགས་ནི་མུ་མཐུད་ནས་སྨྱན་སྦྱོར་ཀུན་འཛོམས་ཐོག་ནས་བརྒྱུད་སྤེལ་བྱ་རྒྱུ་དང་ཆབས་ཅིག བརྒྱུད་སྤེལ་གྱི་རིག་ལམ་གསར་པ་རྒྱ་སྐྱེད་ཧུར་ཐག་གཏོང་རྒྱུ་རེད། སྤྱི་ཁྱབ་ལས་ཁུངས་ཀྱི་འཕྲིན་ལམ་མང་པོ་དང་སྨྱན་སྦྱོར་གསར་པའི་སྟེགས་བུ་མང་པོས་འཛམ་གླིང་ཡོངས་ལ་དུས་གཅིག་ཏུ་ཐད་གཏོང་བྱ་རྒྱུ་རེད། ཨ་རི་དང་། དབྱིན་ཇི། ལྗར་པན། ཨུ་རུ་སུ། པར་ཙིར། སིང་ཁ་ཕོར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། མ་ལེ་ཞི་ཡ། ཐེ་ལན། ལོ་སི་སོགས་རྒྱལ་ཁབ་དང་ས་ཁུལ170ལྷག་གི་སྨྱན་སྦྱོར་ཚན་པ500ལྷག་གིས་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་དང་ས་ཁུལ20ལྷག་གི་གློག་བརྙན་ཁང་དུ་ཡང་དུས་མཉམ་དུ་དཔྱིད་གསར་མཚན་ཚོགས་དང་དེ་བཞིན་ཐད་གཏོང་གློག་བརྙན་བསྟན་རྒྱུ་ཡིན་པ་རེད།