དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་གིས་གཉའ་རུས་མཁྲེགས་པའི་ལན་ཤོག་དྲུག་པའི་དཔོན་དམག་ཚང་མར་འཕྲིན་ལན་སྤྲིངས་གནང་བ་དང་ཡུན་ནན་དུ་བཅའ་སྡོད་དམག་དཔུང་ལ་གཟིགས་ཞིབ་གནང་བར་དམག་ཡོངས་ཀྱི་ཁྲོད་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས 2020-01-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་མཚམས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཉའ་རུས་མཁྲེགས་པའི་ལན་ཤོག་དྲུག་པའི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ་དང་། ཡུན་ནན་དུ་བཅའ་སྡོད་དམག་དཔུང་ལ་ཆེད་མངགས་གཟིགས་ཞིབ་གནང་བ། མཐའ་མཚམས་འཐབ་ས་དང་པོར་ཕེབས་ནས་དཔོན་དམག་ཚོར་འཚམས་འདྲི་གནང་བ་མ་ཟད་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ཡོད། ཀྲུའུ་ཞི་ཅིན་ཕིང་གིས་གཞི་རིམ་དམག་དཔུང་ལ་ཐུགས་ཁུར་ཟབ་བཞེས་གནང་བར་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོར་སྐུལ་མ་ཆེན་པོ་ཐེབས་ནས། དཔོན་དམག་ཚོས། ཀྲུའུ་ཞིའི་བཀའ་ངག་ཡིད་ལ་བརྟན་པོར་ངེས་པ་དང་། གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ། དམག་འཐབ་ལ་རྒྱལ་ཁ་ལེན་པའི་འཇོན་ནུས་སྦྱོང་བརྡར་ལེགས་པོ་བཅས་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བསྟན་ཡོད།
           ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་19ཉིན་གྱི་ཕྱོ་དྲོ་རང་རྒྱལ་གྱི་ལྷོ་ནུབ་ཏུ་མཐའ་མཚམས་བརྟན་སྲུང་བྱེད་བཞིན་པའི་མཐའ་མཚམས་དམག་སྒར་ཞིག་ཏུ་ཕེབས་ནས། དམག་མིའི་ཉལ་ཁང་དང་། དམག་སྒར་གྱི་འཕྲོད་བསྟེན་ཁང་དུ་ཚང་མ་དང་མཛའ་བརྩེའི་སྤེལ་རེས་གནང་ཡོད། དེ་ལྟ་བུའི་ངང་ཚུལ་གྱིས་མཐའ་མཚམས་དཔོན་དམག་ཚོར་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཡོད། བཅུ་དཔོན་ལི་ཅིན་བེང་གིས། ཀྲུའུ་ཞི་ང་ཚོའི་བཅུ་ཤོག་ཏུ་ཕེབས་ནས། བཅུ་ཤོག་གི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་སྟེ། མཚན་མོ་གཉིད་ཉལ་སྐབས་འཁྱག་གི་ཡོད་མེད་དང་། དུས་རྒྱུན་སྦྱོང་བརྡར་བྱེད་སྐབས་དཀའ་ལས་གང་འདྲ་ཡོད་མེད་སོགས་བཀའ་འདྲི་གནང་བ་མ་ཟད། ང་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་གནང་བྱུང་བས། སྐབས་དེར་ང་ཚོའི་སེམས་ནང་ཐུགས་ཁུར་དང་དྲོ་སྐྱིད་ཀྱིས་ཁེངས་བྱུང་ཞེས་གསུངས་ཡོད།
           ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཆེད་མངགས་བརྙན་མཐོང་བརྒྱུད་མཐའ་མཚམས་འཐབ་ས་དང་པོར་ལས་འགན་སྒྲུབ་བཞིན་པའི་རུ་ཁག་ལ་འཚམས་འདྲི་ཞུས་གནང་ཡོད། དེའི་ཁྲོད་འབར་མདེལ་གཙང་སེལ་དང་འབར་གས་སྔོན་འགོག་བྱེད་པའི་རུ་ཆེན་ག་གེ་མོའི་ལས་འགན་སྒྲུབ་མཁན་ཡན་ལག་རུ་ཁག་དེ་ནི་འབར་མདེལ་གཙང་སེལ་འཐབ་འཛིང་དཔའ་བོ་ཏུའུ་ཧྥུ་ཀོ་གནས་སའི་རུ་ཁག་དེ་ཡིན་པ་དང་། ཚོགས་པ་དམག་75པའི་འབར་མདེལ་གཙང་སེལ་དང་འབར་གས་སྔོན་འགོག་རུ་ཆེན་ཞིག་གི་སྲིད་ཨུད་ཀྲའོ་ཡུང་ཏེང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ཁྲོད་ང་ཚོའི་འཐབ་གྲོགས་ཏེ་འབར་མདེལ་གཙང་སེལ་འཐབ་འཛིང་དཔའ་བོ་ཏུའུ་ཧྥུ་ཀོ་གླེང་གནང་ཡོད། དེ་རིང་སླར་ཡང་ང་ཚོའི་འབར་མདེལ་གཙང་སེལ་དང་འབར་གས་སྔོན་འགོག་རུ་ཆེན་ལ་གཟིགས་ཞིབ་གནང་བྱུང་བས། དཔོན་དམག་ཚང་མར་སེམས་འགུལ་ཚད་མེད་ཐེབས་ཡོད་ལ་སྤོབས་སེམས་ཚད་མེད་སྐྱེས་ཡོད། ང་ཚོས་གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་། གཉིས་ནས་ཤི་རྒྱུར་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་ནས། འཆི་གསོན་གྱི་འགག་རྩར་ཐུག་སྐབས་ཤོར་ཕོད་ནས། མི་དམངས་ཀྱི་ཆེད་དུ་འབར་གས་གཙང་སེལ་དང་། དམག་དར་ལ་བཀྲག་མདངས་སྣོན་རྒྱུ་ཡིན་ཞེས་གསུངས་ཡོད།
           ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྷག་བསམ་དག་པའི་སྨོན་འདུན་དང་དཔྱིད་གསར་ཤིག་ཚིག་གིས། དཔྱིད་གསར་དུས་ཆེན་ལ་སྔར་བཞིན་ལས་གནས་བརྟན་ལྷིང་གནང་བཞིན་པའི་དཔོན་དམག་ཚོར་དྲོ་སྐྱིད་དང་སྟོབས་ཤུགས་སྦྱིན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།