དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མངའ་ཁོངས་ཕྱི་རོལ་ནས་ནད་དཔེ་མ་མཆེད་སྔོན་འགོག་ གི“འགོག་སྲུང་འཛིང་རགས་གསུམ”བསྐྲུན་པ།

སྤེལ་དུས 2020-03-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          ཚེས་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནད་བརྟག་སྨན་བཅོས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཀྲུང་གོ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཝུའུ་ཙུན་ཡིའུ་ཡིས་རང་རྒྱལ་དུ་མངའ་ཁོངས་ཕྱི་རོལ་ནས་ནད་དཔེ་མཆེད་ཚད་མང་དུ་སོང་ཡོད། གནད་དོན་དེར་དམིགས་ནས“འགོག་སྲུང་འཛིང་རགས་གསུམ”བསྐྲུན་པ་སྟེ། གཅིག་ནས་མངའ་ཁོངས་ཕྱི་རོལ་གྱི་མི་སྣ་འགག་སྒོ་ནས་འཛུལ་སྐབས་འགག་སྒོ་ནི་འགོག་སྲུང་འཛིང་རགས་དང་པོ་དེ་ཡིན་པས། ཚ་བ་ལྟ་བ་དང་ནད་རྟགས་བློ་འདྲི་བྱས་པ་སོགས་བརྒྱུད་གྲལ་བཤེར་བྱེད་པ་དང་། གཉིས་ནས་མངའ་ཁོངས་ཕྱི་རོལ་ནས་ཡོང་མཁན་ཚོར་ལོགས་འཇོག་ལྟ་ཞིབ་ཉིན་14བྱེད་དགོས་ལ། དེའི་རིང་ནད་དཔེ་ཤེས་རྟོགས་ཐུབ་པ། གསུམ་ནས་མངའ་ཁོངས་ཕྱི་རོལ་ནས་ཡོང་མཁན་ཚོར་ནད་རྟགས་ཐོན་ཚེ་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པར་སྐྱེལ་དགོས་ལ། སྨན་དོན་མི་སྣས་མགྱོགས་མྱུར་ནད་བརྟག་སྨན་བཅོས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
         ཝུའུ་ཙུན་ཡིའུ་ཡིས་ངོས་འཛིན་བྱས་དོན། ནད་རྟགས་མི་མངོན་པའི་རིམས་ནད་འགོ་མཁན་གཙོ་བོ་འབྲེལ་གཏུག་དམ་ཟབ་ཡོད་མཁན་ཁྲོད་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་པས་དེ་དག་ལ་དོ་དམ་ཡག་པོ་བྱས་ཡོད་པ་རེད། “ཀྲུང་གོའི་ད་ཆའི་དོ་དམ་བྱེད་ཐབས་ནི་འབྲེལ་གཏུག་དམ་ཟབ་ཡོད་མཁན་ལོགས་འཇོག་ལྟ་ཞིབ་བྱ་ཡུལ་ནང་བཅུག་པ་དང་། གལ་ཏེ་ནད་རྟགས་ཐོན་ཚེ་འཕྲལ་དུ་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་པར་སྐྱེལ་གྱི་ཡོད”

རྩོམ་སྒྲིག་པ། བདེ་སྒྲོལ།