དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མཱ་ཡོན་གྱི་གྲོང་གསེབ་སློབ་གསོས་སྒོར་ཁྲི་5000བཏང་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་ལ་ཁ་ཕྱོགས་ནས“མི་སྣ”འཚོལ་རྒྱུ་རེད།

སྤེལ་དུས 2020-03-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3པའི་ཚེས་30ཉིན་གྱི་སྔ་དྲོ། མཱ་ཡོན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། དེ་རིང་ནས་ཟླ་5པའི་ཚེས་30ཉིན་བར། 2020ལོའི་མཱ་ཡོན་གྱི་གྲོང་གསེབ་སློབ་གསོའི་ཤེས་ལྡན་མི་སྣའི་འཆར་གཞི་ཡིས་རྒྱལ་ཡོངས་ཀྱི་གྲོང་གསེབ་ལ་ཞབས་འདེགས་ཞུ་མཁན་གྱི་དགེ་རྒན་དང་། སློབ་གཙོ། ལོ་དེའི་དགེ་འོས་སློབ་ཐོན་སློབ་མ་བཅས་ལ་ཁ་ཕྱོགས་ནས་རེ་ཞུའི་སྒོ་ཕྱེ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། ཞིབ་ཕྲའི་རེ་ཞུའི་གནས་ཚུལ་གྱི་སྐོར་དེའི་གཞུང་ཕྱོགས་དྲ་ཚིགས་(wwww.. mayun. xin)དང་། སྐད་འཕྲིན་སྤྱི་སྟེགས། པོད་འཕྲིན་བཅས་སུ་ཡོངས་བསྒྲགས་བྱས་ཡོད་ཅིང་། སྙན་ཞུའི་ཡིག་ཆ་གཞུང་ཕྱོགས་དྲ་ཚིགས་བརྒྱུད་ནས་གཅིག་གྱུར་གྱིས་སྤྲོད་དགོས་པ་དང་། རྣམ་གྲངས་འཕེལ་རིམ་གྱི་འབྲེལ་ཡོད་ཆ་འཕྲིན་རྣམས་གཅིག་གྱུར་གྱིས་གཞུང་ཕྱོགས་དྲ་ཚིགས་བརྒྱུད་ནས་ཁྱབ་བསྒྲགས་བྱ་རྒྱུ་རེད།
          རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། 2019ལོ་དང་བསྡུར་ན། ད་ལོའི་“མཱ་ཡོན་གྱི་གྲོང་གསེབ་སློབ་གསོའི་ཤེས་ལྡན་མི་སྣའི་འཆར་གཞིའི”རེ་ཞུ་དང་དཔྱད་འདེམས་ལ་འགྱུར་ལྡོག་མངོན་གསལ་བྱུང་ཡོད།
འདི་ནི་2018ལོའི་མཱ་ཡོན་གྱི་གྲོང་གསེབ་སློབ་སྤྱིའི་འཆར་གཞིའི་བདམས་ཐོན་བྱུང་བའི་སློབ་སྤྱི(ཁག་གཅིག)དབྱི་སི་རལ་དུ་ཡུལ་སྐོར་སློབ་སྦྱོང་བྱེད་པར་སོང་བའི་མཉམ་པར་རེད།
          འགྱུར་ལྡོག་དང་པོ། རྒྱལ་ཡོངས་ཀྱི་གྲོང་གསེབ་ལ་ཁ་ཕྱོགས་ནས་རེ་ཞུའི་སྒོ་ཕྱེ་རྒྱུ་རེད།
          མཱ་ཡོན་གྱི་གྲོང་གསེབ་སློབ་གསོའི་ཤེས་ལྡན་མི་སྣའི་འཆར་གཞིའི་ནང་མཱ་ཡོན་གྱི་གྲོང་གསེབ་དགེ་རྒན་གྱི་འཆར་གཞི་དང་། མཱ་ཡོན་གྱི་གྲོང་གསེབ་སློབ་སྤྱིའི་འཆར་གཞི། མཱ་ཡོན་གྱི་གྲོང་གསེབ་དགེ་འོས་སློབ་མའི་འཆར་གཞི་བཅས་འདུས་ཡོད་ཅིང་། ངོ་སྤྲོད་བྱས་པ་ལྟར་ན། 2019ལོར་རྒྱལ་ཡོངས་ཀྱི་རྫོང་དབུལ་པོ་832དང་དེ་བཞིན་ཀྲེ་ཅང་ཞིང་ཆེན་ལ་ཞབས་འདེགས་ཞུ་བའི་རེ་ཞུའི་བླང་བྱ་དང་མི་འདྲ་བར། ད་ལོའི་རེ་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་ས་ཁུལ་དུ་ཁ་ཕྱོགས་ཡོད་པ་རེད། དུས་མཚུངས་སུ་སློབ་གསོའི་དབུལ་སྒྲོལ་ལ་རམ་འདེགས་བྱ་ཆེད། ཆ་རྐྱེན་གཅིག་མཚུངས་ཀྱི་གནས་ཚུལ་འོག དེ་སྔའི་“རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་832ཀྱི་མིང་ཐོའི”ནང་འཁོད་པའི་རྫོང་གི་རེ་འདུན་ཞུ་མཁན་རྣམས་དཔྱད་འདེམས་བྱེད་པའི་ཁྲོད་སྔོན་ལ་བསམ་གཞིགས་བྱ་རྒྱུ་ཡིན་པ་རེད།
          དེ་ཡང་ལོ་སྔོན་མ་དང་འདྲ་བ་ཞིག་ནི། བྱ་དགའ་ཐོབ་པ་དང་བདམས་ཐོན་པ་ཚང་མར་མཱ་ཡོན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་མཁོ་འདོན་བྱས་པའི་དངུལ་སྨར་རོགས་དངུལ་དང་ཆེད་ལས་འཚར་ལོངས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། ཞིབ་ཕྲའི་ནང་དོན་ནི། 1.བྱ་དགའ་ཐོབ་པའི་དགེ་རྒན་ཚང་མར་བསྡོམས་པས་སྒོར་ཁྲི་10ཡི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། དེའི་ནང་ལོ་གསུམ་རིང་བསྟུད་མར་དངུལ་སྨར་རོགས་སྐྱོར་དང་ཆེད་ལས་འཚར་ལོངས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཚུད་ཡོད།  2.བདམས་ཐོན་བྱུང་བའི་སློབ་སྤྱི་སོ་སོར་བསྡོམས་པས་སྒོར་ཁྲི་50ཡི་རྒྱབ་སྐྱོར་ཐོབ་རྒྱུ་ཡིན་པ་དང་། དེའི་ནང་སྒོར་ཁྲི་10མི་སྒེར་གྱི་འཚོ་བ་ལེགས་སུ་གཏོང་རྒྱུའི་ཐད་སྤྱོད་རྒྱུ་དང་། སྒོར་ཁྲི་10དེ་འགོ་ཁྲིད་ཀྱི་ནུས་པ་མཐོ་རུ་གཏོང་རྒྱུའི་ནང་སྤྱོད་པ་སྟེ། དེར་རྒྱལ་སྤྱིའི་ཡུལ་སྐོར་སློབ་སྦྱོང་ནང་ཞུགས་པ་དང་། འགོ་ཁྲིད་ཀྱི་ནུས་པ་གསོ་སྦྱོང་སོགས་ཚུད་ཡོད། སྒོར་ཁྲི་30ལག་ལེན་གྱི་ཐེབས་རྩར་བརྩིས་ནས་སློབ་གྲྭའི་ནང་སྤྱོད་དགོས་པ་རེད། 3.བདམས་ཐོན་བྱུང་བའི་དགེ་འོས་སློབ་མ་རེ་རེར་བསྟུད་མར་ལོ་ལྔའི་ནང་བསྡོམས་པས་སྒོར་ཁྲི་10ཡི་རྒྱབ་སྐྱོར་གནང་ནས་ཁོང་ཚོས་གྲོང་གསེབ་ཀྱི་འཐབ་ས་དང་པོར་མི་སྒེར་གྱི་རིན་ཐང་མངོན་པ་བྱས་ཏེ། གྲོང་གསེབ་ཀྱི་བྱིས་པར་སྤུས་ལེགས་པའི་སློབ་གསོ་སྤེལ་བར་རོགས་རམ་བྱ་རྒྱུ་རེད།

འདི་ནི་བརྒྱད་པའི་ཚེས་བརྒྱད་ཉིན་སན་ཡཱར་མཱ་ཡོན་གྱི་གྲོང་གསེབ་དགེ་རྒན་གྱི་བྱ་དགའ་གནང་བའི་མཛད་སྒོ་སྤེལ་བའི་རྣམ་པ་རེད།
          འགྱུར་ལྡོག་གཉིས་པ། སློབ་སྤྱིའི་འཆར་གཞིར་ཕྱོགས་ཡོངས་ནས་རང་བརྟེན་རེ་ཞུ་ཁྱབ་གདལ་གཏོང་རྒྱུ་རེད།
    གཞན་ཡང་རྒྱུས་ལོན་བྱུང་བ་ལྟར་ན། དེ་སྔ་མཱ་ཡོན་གྱི་གྲོང་གསེབ་སློབ་སྤྱིའི་འཆར་གཞི་རེ་ཞུའི་ནང་སྤྱད་པ་ནི་འོས་སྦྱོར་ལམ་ལུགས་ཡིན་ཞིང་། དེ་ལས་ཁུངས་ཀྱིས་འོས་སྦྱོར་བྱེད་སྟངས་གཅིག་པུས་ཚོད་འཛིན་བྱས་པ་ཙམ་མ་ཡིན་པར། མི་སྒེར་གྱིས་འོས་སྦྱོར་བྱེད་པའང་ཡོད་མོད། འོན་ཀྱང་སྔར་བཞིན་འོས་སྦྱོར་བྱེད་མཁན་དགོས་ཀྱི་ཡོད། ད་ལོར་དེ་དང་མི་འདྲ་བར་“རང་བདག་རེ་ཞུའི”རྣམ་པ་སྤྱད་དེ།  རེ་ཞུ་ཞུ་འདོད་ཡོད་པར་མ་ཟད་ཆ་རྐྱེན་དང་མཐུན་པའི་སློབ་སྤྱིས་ཐད་ཀར་དུ་རེ་ཞུ་བྱས་ཆོག་པས། འོས་སྦྱོར་གྱི་རྣམ་པ་དེ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་དུ་མི་བརྩི་བ་རེད།
          འོན་ཀྱང་རེ་འདུན་ཞུ་མཁན་གྱིས་རང་ཉིད་ལ་རྒྱུས་ལོན་ཡོད་པའི་ལས་གྲོགས་དང་། མཉམ་ལས་ཀྱི་རོགས་ཟླ་སོགས་གདན་ཞུ་བྱས་ནས་འོས་སྦྱོར་རེའུ་མིག་བྲིས་ཏེ། ཁོ་ཚོའི་མིག་ནང་གི་རང་ཉིད་བརྗོད་ནས་རང་ཉིད་ཀྱི་རེ་ཞུར་རམ་འདེགས་བྱེད་ཆོག འོས་སྦྱོར་བསམ་འཆར་དེ་དཔྱད་གཞི་ཙམ་དུ་བརྩིས་ནས་མཐའ་མའི་དཔྱད་འདེམས་ཀྱི་བྱས་འབྲས་ལ་ཤུགས་རྐྱེན་ཐེབས་མི་སྲིད།

འདི་ནི་ཧང་ཀྲོའུ་རུ་འཚོགས་པའི་རེ་སྨོན་གྱི་མཛད་སྒོའི་ཐོག་བདམས་ཐོན་བྱུང་བའི་དགེ་འོས་སློབ་མས་རང་བསྒྲིགས་རང་འཁྲབ་ཀྱི་ཞབས་བྲོ་འཁྲབ་པའི་རྣམ་པ་རེད།
          འགྱུར་ལྡོག་གསུམ་པ། བདམས་ཐོན་བྱུང་བའི་དགེ་འོས་སློབ་མ་300ཇེ་མང་དུ་བཏང་བ།
          ལོ་སྔོན་མ་དང་འདྲ་བ་ཞིག་ནི། མཱ་ཡོན་གྱི་གྲོང་གསེབ་དགེ་རྒན་གྱི་འཆར་གཞི་དང་མཱ་ཡོན་གྱི་གྲོང་གསེབ་སློབ་སྤྱིའི་འཆར་གཞིས་མཇུག་མཐར་སོ་སོ་ནས་བྱ་དགའ་ཐོབ་པའི་དགེ་རྒན་100དང་སློབ་སྤྱི་20བདམས་ཐོན་བྱུང་བ་ཡིན་ཞིང་། དེར་མི་འདྲ་བ་ཞིག་ནི་ད་ལོར་མཱ་ཡོན་གྱི་གྲོང་གསེབ་དགེ་འོས་སློབ་མའི་འཆར་གཞིའི་བདམས་ཐོན་དགེ་འོས་སློབ་མའི་མི་གྲངས་དེ་མི་100ནས་300རུ་འཕར་ཡོད་པ་རེད།
          “མཱ་ཡོན་གྱི་གྲོང་གསེབ་དགེ་འོས་སློབ་མའི་འཆར་གཞིའི”དཔྱད་འདེམས་ལའང་གསར་གཏོད་ཆེན་པོ་བྱུང་ཡོད་དེ། མཐའ་མཇུག་གི་དཔྱད་འདེམས་བྱེད་སྐབས། ཐེབས་རྩ་ལྷན་ཚོགས་ཀྱིས་མཉམ་ལས་བྱས་པའི་དགེ་འོས་སློབ་གྲྭ་དང་མཉམ་དུ་དགེ་འོས་སློབ་མའི་སློབ་ཁྲིད་རྩལ་ནུས་ཀྱི་འགྲན་བསྡུར་སྤེལ་ཏེ། གྲོང་གསེབ་ཀྱི་སློབ་གསོར་དང་བླངས་སྒོས་ཞབས་འདེགས་ཞུ་བའི་ཕུལ་བྱུང་གི་དགེ་འོས་སློབ་ཐོན་སློབ་མ་གདམ་རྒྱུ་རེད།
          དེ་དང་ཆབས་ཅིག་ད་ལོའི་རེ་ཞུ་བྱེད་མཁན་ཡང་ལོ་སྔ་མ་དང་མི་འདྲ་ས་ཆེན་པ་ཡོད་དེ། སྐབས་འདིའི་(2020ལོ)དགེ་འོས་སློབ་མ་ཁོ་ན་ཡིན་པའི་ཚད་བཀག་ཡོད་པར་མ་ཟད། 2020ལོའི་ཟླ་9པའི་ཚེས་30ཉིན་གྱི་སྔོན་ལ་གྲོང་གསེབ་ཀྱི་དགེ་རྒན་བྱེད་དགོས་པ་དེ་རེད།