དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ད་ལོའི་མཐོ་རྒྱུགས་ཟླ་གཅིག་ནར་འགྱངས་བྱས་པ།

སྤེལ་དུས 2020-04-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ལོ་2020ལོའི་རྒྱལ་ཡོངས་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་བསྡུ་བའི་ཡིག་རྒྱུགས་ཟླ་གཅིག་ནར་འགྱངས་བྱས་ཏེ། རྒྱུགས་སྤྲོད་པའི་དུས་ཚོད་ཟླ་7པའི་ཚེས་7ཉིན་ནས་ཚེས་8ཉིན་བར་གཏན་འཁེལ་བྱས་པ་རེད།
         ཡིག་རྒྱུགས་གཏོང་བའི་དུས་ཚོད་ཞིབ་ཕྲ་ནི། ཟླ་7པའི་ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་9:00ནས་ 11:30བར་སྐད་ཡིག་དང་།  ཕྱི་དྲོའི་ཆུ་ཚོད་15:00ནས་17:00བར་རྩིས་རིག ཟླ་7པའི་ཚེས་8་ཉིན་གྱི་སྔ་དྲོའི་ཆུ་ཚོད་9:00ནས་ 11:30བར་ རིག་གནས་ཚན་ཁག་གི་ཕྱོགས་བསྡུས་ཡིག་ཚད་དམ་ཡང་ན་རང་བྱུང་ཚན་རིག་ཚན་ཁག་གི་ཕྱོགས་བསྡུས་ཡིག་ཚད། ཕྱི་དྲོའི་ཆུ་ཚོད་15:00ནས་17:00བར་ཕྱི་སྐད་ཡིག་ཚད་བཅས་གཏོང་རྒྱུ་ཡིན་པ་རེད།
         འུ་པེ་ཞིང་ཆེན་དང་པེ་ཅིང་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས། ས་གནས་དེ་གའི་མཐོ་རྒྱུགས་དུས་ཚོད་བཀོད་སྒྲིག་གི་བསམ་འཆར་ཞིབ་འཇུག་བྱས་ཏེ། སློབ་གསོ་པུའུ་ནས་ཆོག་མཆན་ཐོབ་རྗེས་དུས་ཐོག་ཏུ་སྤྱི་ཚོགས་སྟེང་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ།སྣང་རྡོར།