དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མི་རྒྱུ་གཉིས་འདེད་དང་བྲོས་འགོག་གི“གནམ་དྲ་2020ལོའི”བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་པར་སྐུལ་འདེད་གཏོང་བ།

སྤེལ་དུས 2020-04-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

           ཟླ་3ཚེས་30ཉིན་ཀྲུང་དབྱང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ཚོགས་ཆུང་གི་རྒྱལ་སྤྱིའི་མི་རྒྱུ་གཉིས་འདེད་ལས་དོན་གཞུང་དོན་ཁང་གིས་བཀོད་སྒྲིག་བྱས་ནས“གནམ་དྲ་2020ལོའི”བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།
         “གནམ་དྲ་2020ལོའི”བྱ་སྤྱོད་བཀོད་སྒྲིག་ལ་གཞིགས་ནས་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གོ་གནས་ཉེས་གསོག་གི་རྒྱལ་སྤྱིའི་མི་རྒྱུ་གཉིས་འདེད་ཀྱི་ཆེད་དོན་བྱ་སྤྱོད་སྣེ་ཁྲིད་ནས་སྤེལ་དགོས་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཉེས་གསོག་དོགས་ཅན་དང་། གྱོད་ཡའི་བྲོས་བྱོལ། གྲོངས་པའི་གྱོད་གཞིའི་ནག་དངུལ་བདའ་འདེད་བཅས་ཀྱི་ཆེད་དོན་བྱ་སྤྱོད་སྣེ་ཁྲིད་ནས་སྤེལ་དགོས་པ། སྤྱི་བདེ་པུས“ཝ་རྔོན”གྱི་ཆེད་དོན་བྱ་སྤྱོད་སྣེ་ཁྲིད་ནས་སྤེལ་དགོས་པ། ཀྲུང་གོ་མི་དམངས་དངུལ་ཁང་གིས་སྤྱི་བདེ་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ངོགས་བྲལ་ཀུང་སི་དང་ས་འོག་དངུལ་ཁང་སྤྱད་དེ་ས་ཁོངས་ཕྱིར་བཙོག་དངུལ་མ་བསྒྱུར་སྔོན་འགོག་དང་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་དགོས་པ། ཀྲུང་དབྱང་སྒྲིག་འཛུགས་པུས་སྤྱི་བདེ་པུའུ་སོགས་དང་མཉམ་དུ་སྒེར་དོན་སྒྲུབ་ཆེད་ཕྱི་རྒྱལ་དུ་སྐྱོད་པར(རྒྱལ་མཚམས་ནས་ཐོན་པ)ལག་ཁྱེར་སྒྲིག་འགལ་ངང་གཉེར་བ་སོགས་ཀྱི་བཅོས་སྒྲིག་ལས་དོན་སྤེལ་དགོས་པ་བཅས་རེད།
         ཀྲུང་དབྱང་གི་བྲོས་འདེད་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་འདི་ལོའི་མི་རྒྱུ་གཉིས་འདེད་ལས་དོན་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ། བརྟན་ཁྲོད་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། མི་རྒྱུ་གཉིས་འདེད་དང་བྲོས་འགོག་གི་ལས་དོན་ལ་གཞི་གཅིག་སྐུལ་འདེད་གཏོང་བ། གསོག་འབོར་ཉུང་དུ་ནུས་ལྡན་གཏོང་བ་དང་འཕར་ཚད་བཀག་འགོག་ནུས་ལྡན་བཅས་བྱས་ཏེ་མི་རྒྱུ་གཉིས་འདེད་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་འགན་ལེན་བརྟན་པོ་བྱེད་རྒྱུ་ཡིན་ཞེས་བཤད།

རྩོམ་སྒྲིག་པ། བདེ་སྒྲོལ།