དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཚེས་༢༢ནས་༢༨ཉིན་བར་གྱི་གྲོས་རིམ་གལ་ཆེན།

སྤེལ་དུས 2020-05-22 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

          སྤྱི་ཚེས་༢༡ཉིན་གྱི་མཚན་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་གཏམ་བཤད་གནང་མཁན་ཀྲང་ཡེ་སུའེ་ལགས་ཀྱིས་ངོ་སྤྲོད་གནང་དོན། ཐེངས་འདིའི་ཚོགས་འདུ་སྤྱི་ཚེས་༢༢ཉིན་གྱི་སྔ་དྲོར་འཚོག་རྒྱུ་ཡིན་པ་དང་། ཚེས་༢༨ཉིན་གྱི་ཕྱི་དྲོར་མཇུག་བསྒྲིལ་རྒྱུ་ཡིན་ལ། ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་བཀོད་སྒྲིག་བྱས་འདུག ཁྱོན་གྲོས་རིམ་༩ཡོད་པ་དང་། སྲིད་གཞུང་ལས་དོན་སྙན་སྒྲོན་སོགས་ཀྱི་སྙན་སྒྲོན་༦གྲོས་ཞིབ་གནང་རྒྱུ་དང་། དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་སོགས་ལ་གྲོས་ཞིབ་གནང་རྒྱུ། ཉེ་ཆར་ལས་དོན་སོ་སོ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ།
          ༢༠༢༠ལོའི་ཟླ་༥ཚེས་༢༡ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲ་སྒྲིག་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བ།
          གཅིག སྲིད་གཞུང་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ།
          གཉིས། ༢༠༡༩ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། ༢༠༢༠ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་མ་ཟིན་གྱི་སྙན་སྒྲོན། ༢༠༢༠ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་མ་ཟིན་བཅས་ལ་གྲོས་ཞིབ་གནང་རྒྱུ།
          གསུམ། ༢༠༢༩ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་། ༢༠༢༠ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་མ་ཟིན་གྱི་སྙན་སྒྲོན། ༢༠༢༠ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་མ་ཟིན་བཅས་ལ་གྲོས་ཞིབ་གནང་རྒྱུ།
          བཞི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོབ་ཞིབ་གནང་བར་བཏོན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་གྲོས་གཞི་ལ་གྲོས་ཞིབ་གནང་རྒྱུ།
          ལྔ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་གནང་བར་བཏོན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་དང་ལག་བསྟར་སྒྲིག་གཞིའི་གཏན་འབེབས་ལ་སྲུང་སྐྱོང་བྱེད་པ་འཐུས་ཚང་ཅན་དུ་གཏོང་པའི་མ་ཟིན་གྱི་གྲོས་གཞིར་གྲོས་ཞིབ་གནང་རྒྱུ།
          དྲུག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ།
          བདུན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ།
          བརྒྱད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ།
          དགུ། གཞན་དག
ཟླ་༥ཚེས་༢༡ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་དུ་སྤེལ།