དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཁག་གསུམ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ཟླ12པའི་ཟླ་མཇུག་བར་ནར་འགྱངས་བྱས་པ།

སྤེལ་དུས 2020-06-28 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། མི་སྤྱི་པུའུ་དང་། ནོར་སྲིད་པུའུ། ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱིས《ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དུས་མཚམས་རང་བཞིན་གྱི་སྒོ་ནས་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཡུན་རིང་དུ་གཏོང་བ་སོགས་ཀྱི་གནད་དོན་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཁེ་ལས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་དང་། ལས་ཤོར་འགན་བཅོལ་གྲོན་དངུལ། ལས་རྨས་འགན་བཅོལ་གྲོན་དངུལ་བཅས་ལས་ཚན་པས་སྤྲོད་དགོས་པའི་ཆ་ཤས་དེ་དུས་མཚམས་རང་བཞིན་སྒོ་ནས་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཡུན་རིང་དུ་གཏོང་རྒྱུ་ཁ་གསལ་བཏོན་ཡོད་པ་རེད།
          《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། ཞིང་ཆེན་ཁག་གིས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ལས་ཚན་པས་སྤྲོད་དགོས་པའི་ཆ་ཤས་རྩ་ཆག་གཏོང་བའི་སྲིད་ཇུས་དེ2020ལོའི་ཟླ12བར་ནར་འགྱངས་བྱ་རྒྱུ་དང་། ཁེ་ལས་ཆེ་གྲས་སོགས་འགན་བཅོལ་ནང་ཞུགས་མཁན་ཚན་པ་གཞན་དག(ལས་ཁུངས་བྱ་གཞག་ཚན་པ་ཚུད་མེད)གི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཁག་གསུམ་ལས་ཚན་པས་སྤྲོད་དགོས་པའི་ཆ་ཤས་ཀྱི་ཕྱེད་ཀ་ཆག་ཡང་གཏོང་རྒྱུའི་སྲིད་ཇུས2020ལོའི་ཟླ6པའི་ཟླ་མཇུག་བར་ནར་འགྱངས་བྱ་རྒྱུ། ཧུའུ་པེ་ཞིང་ཆེན་གྱིས་ཁེ་ལས་ཆེ་གྲས་སོགས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་མཁན་ཚན་པ་གཞན་དག་གི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཁག་གསུམ་ལས་ཚན་པས་སྤྲོད་དགོས་པའི་ཆ་ཤས་རྩ་ཆག་གཏོང་བའི་སྲིད་ཇུས2020ལོའི་ཟླ་6པའི་ཟླ་མཇུག་བར་མུ་མཐུད་ལག་བསྟར་བྱ་རྒྱུ། རིམས་ནད་ཀྱི་དབང་གིས་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་ཆེན་པོ་འཕྲད་པའི་ཁེ་ལས་ཁག་གིས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་2020ལོའི་ཟླ12པའི་ཟླ་མཇུག་བར་འགྱངས་བྱེད་ཆོག་ལ། འགྱངས་རིང་དུས་འགྱངས་ཆད་དངུལ་སྤྲོད་དགོས་ཀྱི་མེད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།