དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སློབ་སྦྱོང་གི་ནུས་པ་ལྡན་པའི་སློབ་ལོ་ལོན་པའི་དབང་པོ་སྐྱོན་ཅན་གྱི་ལོ་ཆུང་བྱིས་པ་སློབ་ཤོར་དང་སློབ་མཚམས་མི་ཆད་པའི་འགན་ལེན་ཏན་ཏིག་བྱེད་དགོས།

སྤེལ་དུས 2020-06-30 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
       གྲལ་སྡོད་མཉམ་སྦྱོང་ནི་དབང་པོ་སྐྱོན་ཅན་ལོ་ཆུང་བྱིས་པས་འོས་འགན་སློབ་གསོ་དང་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཚེས་28ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། སློབ་གསོ་པུས《དབང་པོ་སྐྱོན་ཅན་ལོ་ཆུང་བྱིས་པའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་གྲལ་སྡོད་མཉམ་སྦྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་སྟེ། འབྲེལ་ཡོད་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དབང་པོ་སྐྱོན་ཅན་ལོ་ཆུང་བྱིས་པའི་གྲལ་སྡོད་མཉམ་སྦྱོང་འཕེལ་རྒྱས་ལ་འཕྲད་པའི་འགོག་རྐྱེན་ནུས་ལྡན་བསལ་ཏེ་གྲལ་སྡོད་མཉམ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད།
       སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་སིའི་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཚོད་སྐོར་གཏན་འཁེལ་བྱེད་པའི་ཐད། མཛུབ་ཁྲིད་བསམ་འཆར་ནང་ཚན་རིག་དང་མཐུན་པའི་ཚོད་སྐོར་གཏན་འཁེལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། དབང་པོ་སྐྱོན་ཅན་ལོ་ཆུང་བྱིས་པའི་ཚོད་སྐོར་གཏན་འཁེལ་ཚན་རིག་དང་མི་མཐུན་པའི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱེད་དགོས་ཞེས་བཏོན་པ་མ་ཟད། ད་དུང་དབང་པོ་སྐྱོན་ཅན་གྱི་སློབ་གསོའི་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཚོད་སྐོར་གཏན་འཁེལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ཚན་རིག་དང་མཐུན་པའི་ལམ་སྲོལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལོ་ཆུང་བྱིས་པ་གྲལ་སྡོད་མཉམ་སྦྱོང་བྱ་རྒྱུར་འཚམས་མིན་གཏན་འཁེལ་བྱེད་པ་དང་འབྲེལ་སློབ་ལོ་ལོན་པའི་དབང་པོ་སྐྱོན་ཅན་སློབ་ཕྲུག་ལ་མཐིལ་རྟོགས་གྲལ་བཤེར་ཡག་པོ་བྱེད་པ་དང་བཀོད་སྒྲིག་ལས་དོན་གྱི་ལས་ཐོ་བཟོས་ཏེ་དོན་དངོས་ཁྲོད་བྱུང་བའི་ཁྱིམ་ཚང་དང་སློབ་གྲྭའི་དབར་གྱི་རྩོད་གཞི་ཉུང་དུ་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད། སློབ་ཞུགས་བཀོད་སྒྲིག་ཐད། མཛུབ་ཁྲིད་བསམ་འཆར་ནང་ཐག་ཉེ་ས་དང་སྟབས་བདེ་སར་བཀོད་སྒྲིག་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་དབང་པོ་སྐྱོན་ཅན་ལོ་ཆུང་བྱིས་པའི་སློབ་གསོ་བཀོད་སྒྲིག་གནད་ལ་མི་འཁེལ་བའི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱེད་དགོས་ཞེས་བཏོན་པ་མ་ཟད། ད་དུང་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ལུགས་མཐུན་བཀོད་སྒྲིག་བྱེད་པ། སློབ་གྲྭའི་སློབ་བསྡུའི་འཆར་གཞིར་སྤྱི་འདོམས་བྱེད་པ། ཆ་རྐྱེན་གཅིག་མཚུངས་འོག་ཐག་ཉེ་ས་དང་སྟབས་བདེ་སར་དབང་པོ་སྐྱོན་ཅན་ལོ་ཆུང་བྱིས་པ་སློབ་གྲྭར་སྔོན་ལ་འཇུག་པ། སློབ་གྲྭ་འབྲིང་ཆུང་སློབ་མའི་སློབ་གྲྭའི་སྐྱིད་སྡུག་དོ་དམ་ཆ་འཕྲིན་མ་ལག་ལ་བརྟེན་ནས་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སློབ་སྦྱོང་གི་ནུས་པ་ལྡན་པའི་སློབ་ལོ་ལོན་པའི་དབང་པོ་སྐྱོན་ཅན་ལོ་ཆུང་བྱིས་པ་སློབ་ཤོར་དང་སློབ་མཚམས་མི་ཆད་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།