ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཞེ་དགུ་བ་དང་ལྔ་བཅུ་བའི་སྟེང་མིང་བཀོད།
སྤེལ་དུས 2020-07-02
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་ཀྲུའུ་ཞིའི་བཀའ་རྒྱ་ཞེ་དགུ་བ་དང་ལྔ་བཅུ་བའི་སྟེང་མིང་བཀོད། ཀྲུའུ་ཞིའི་བཀའ་རྒྱ་ཞེ་དགུ་བ་ལས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྲོས་འཆམ་བྱུང་སྟེ། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན། ཁྱབ་བསྒྲགས་བྱས་པའི་ཉིན་མོ་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
ཀྲུའུ་ཞིའི་བཀའ་རྒྱ་ལྔ་བཅུ་བ་ལས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་ཆོད་དོན་ལྟར་ན། ཧུའུ་ཙེ་ཅུན་གྱི་རྩིས་བཤེར་ཁང་གི་རྩིས་བཤེར་དཔོན་པོའི་ལས་འགན་ལེན་རྒྱུ་དང་། ཧུ་ཁའེ་རྩིས་བཤེར་ཁང་གི་རྩིས་བཤེར་དཔོན་པོར་བསྐོ་འཇོག་བྱེད་རྒྱུ་རེད། །