དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དབུལ་སྒྲོལ་འགག་སྒྲོལ་ཡོང་བར་འགྲིམ་འགྲུལ་སྔོན་འགྲོར་བྱེད་དགོས།

སྤེལ་དུས 2020-08-14 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        ཕྱུག་པོ་ཆགས་བསམ་ན། སྔོན་ལ་ལམ་བསྐྲུན་དགོས། དབུལ་སྒྲོལ་འགག་སྒྲོལ་ཡོང་བར་འགྲིམ་འགྲུལ་སྔོན་འགྲོར་བྱེད་དགོས། ད་ཕན་ལོ་ཤས་རིང་། རང་རྒྱལ་གྱི་གྲོང་གསེབ་ཀྱི་འགྲིམ་འགྲུལ་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ནས་མི་སེར་ཕྱིར་སྐྱོད་རྒྱུར་སྟབས་བདེ་བསྐྲུན་པ་མ་ཟད། རྒྱ་ཆེའི་གྲོང་གསེབ་ཏུ་གཞུང་ལམ་བསྐྲུན་པས་ལས་རིགས་ཀུན་དར་དང་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད། ཟླ་8ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཀྲུང་ཕྱིའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུའི་ཐོག་འགྲིམ་འགྲུལ་དབུལ་སྐྱོར་ལས་བྱེད་པ་དང་དཔེ་མཚོན་འཐུས་མི་གདན་ཞུ་བྱས་ཏེ་ཁོང་ཚོས་བརྒྱུད་མྱོང་བའི་འགྲིམ་འགྲུལ་དབུལ་སྐྱོར་གཏམ་རྒྱུད་བརྗོད་པ་རེད།
        “ད་ཕན་ལོ་ལྔ་ནི་བོད་ཀྱིས་མ་དངུལ་གཏོང་མང་ཤོས་དང་། འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་ཤོས། འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་ཤོས། མི་དམངས་མང་ཚོགས་ལ་འཕེལ་རྒྱས་ཀྱི་ཕན་པ་ཐོབ་མང་ཤོས་བཅས་ཀྱི་དུས་སྐབས་ཤིག་རེད”འགྲིམ་འགྲུལ་སྐྱེལ་འདྲེན་པུས་འདེམས་གཏོང་བྱས་པའི་བོད་སྐྱོར་ལས་བྱེད་པ་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཞུས་ཝུན་ཆང་གིས་གསར་འགོད་པར་གྲངས་གཞི་ཞིག་བརྗོད་པ་སྟེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་2515ལས་བརྒལ་བ་དེ“ལོ་ལྔ་ཚན་བཅུ་གཉིས་པ”ལས་270%འཕར་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ཏུ་བོད་ཀྱི་མྱུར་གྲོད་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་38ལས་མེད་པ་དང་ད་ཆ་སྤྱི་ལེ་620བར་འཕར་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བསྐྲུན་བཞིན་པའི་རྣམ་གྲངས་མཇུག་འགྲིལ་རྗེས་སྤྱི་ལེ་1100ལས་བརྒལ་རྒྱུ་རེད། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་10.45ཟིན་ཡོད། ཁོང་གིས“ལོ་མཇུག་ཏུ་སླེབས་སྐབས་མཚོ་བོད(རྒྱལ་ལམ་345)དང་ཤིན་བོད(རྒྱལ་ལམ་216)གཞུང་ལམ་གསར་པ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་རྒྱུ་དང་ལྗོངས་ཡོངས་སུ་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་མ་ཟད། ཤང་དང་གྲོང་རྡལ་95%དང་སྒྲིག་ཁོངས་གྲོང་ཚོ་75%ལ་ཨར་འདམ་ལམ་བསྐྲུན་རྒྱུ་ཡིན་པས། སླད་ཕྱིན་བོད་དུ་ཡུལ་སྐོར་བྱེད་མཁན་དང་ས་གནས་དེ་གའི་མང་ཚོགས་ཕྱིར་སྐྱོད་རྒྱུར་དེ་བས་བདེ་འཇགས་དང་། ཤར་བགྲོད། སྟབས་བདེ་བཅས་ཡོང་རྒྱུ་རེད”ཅེས་བརྗོད་བྱུང་།
        སི་ཁྲོན་དང་མཚོ་སྔོན་འབྲེལ་མཚམས་སུ་གནས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་གསེར་རྟ་རྫོང་ནི་རྒྱལ་ཡོངས་ཀྱི་ཤིན་ཏུ་དབུལ་བའི་རྫོང་189ཡི་གྲས་ཤིག་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4127ཡོད་ལ་རི་ཁུག་ཏུ་གནས་པས་ཁོར་ཡུག་གུ་དོག་པོ་ཡོད། གསེར་རྟ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གནས་སྦྱར་བོད་སྐྱོར་ལས་བྱེད་པ་ཀུའེ་ཀྲེ་ཅིན་གྱིས་རྫོང་དེའི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པའི་ཐད་རྒྱུས་མངའ་ཆེན་པོ་ཡོད། “གནས་གཏན་འཁེལ་གྱི་དབུལ་སྐྱོར་ལོ་བཞི་བྱས་པ་བརྒྱུད་གསེར་རྟར་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་2260ཟིན་པ་དང་། ཤང་དང་གྲོང་རྡལ་17དང་སྲིད་འཛིན་གྲོང་ཚོ་134ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་100%དང་གྲོང་གསེབ་ཏུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ནས‘ཤར་གཏོང་གཉིས’ཀྱི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད། འདི་ལོའི་ཟླ་གཉིས་པར་གསེར་རྟ་རྫོང་འདི་ཉིད་རྫོང་དབུལ་པོའི་གྲས་ནས་དངོས་སུ་ཕྱིར་འཐེན་བྱས་ཡོད། ད་ཕན་ལོ་ཤས་རིང་གསེར་རྟ་རྫོང་གི་འཚོང་འགུག་མ་འདྲེན་གྱི་དངུལ་འབོར་2016ལོའི་སྒོར་6000ལྷག་ཙམ་ནས་2019ལོའི་སྒོར་དུང་ཕྱུར་1.3བར་འཕར་བ་དང་གསོལ་མགྲོན་ཁང་ཡང་54ནས་150ལྷག་ཙམ་བར་མང་དུ་ཕྱིན་ཡོད། ‘གཞུང་ལམ་བསྐྲུན་པས་ལས་རིགས་དར’གསེར་རྟའི་མི་དམངས་མང་ཚོགས་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ཡོང་བའི་ཡིད་ཆེས་ཡོད”ཅེས་ཀུའེ་ཀྲེ་ཅིན་གྱིས་སེམས་འགུལ་དང་བཅས་བརྗོད་བྱུང་།
        “འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་མུ་མཐུད་ལེགས་སུ་ཕྱིན་པར་བརྟེན་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་དཔལ་འབྱོར་འཕེལ་རྒྱས་ཕྱིན་པས་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད”སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཁྲོ་ཆུ་རྫོང་རྡོ་ཁ་གྲོང་རྡལ་གྱི་གྲོང་སྡོད་ཧྲུའུ་ཅི་དང་པོ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ལས་བྱེད་པ་ལུའུ་དབྱི་ཏ་ཡིས་འགྲིམ་འགྲུལ་དབུལ་སྐྱོར་ལས་བྱུང་བའི་འཕེལ་རྒྱས་ཀྱི་སྐོར་བརྗོད་སྐབས། སྔོན་མ་ཟག་ལ་གྲོང་ཚོར“ལྷག་པ་རྒྱག་སྐབས་ཐལ་རྡུལ་གྱིས་ཁེངས་པ་དང་། ཆར་པ་བབས་སྐབས་གང་སར་འདམ་པས་ཁེངས་པས་ཐོན་སྐྱེད་འཚོ་བ་དང་གཉེན་ཉེ་འཕྲད་པར་འགྲོ་སྐབས་སྟབས་བདེ་མེད། འགྲིམ་འགྲུལ་དབུལ་སྐྱོར་ལག་བསྟར་བྱས་པ་བརྒྱུད། གྲོང་ཚོར་སྤྱི་ལེ་6.9ཡོད་པའི་གཞུང་ལམ་བསྐྲུན་པས་ཕྱིར་བསྐྱོད་རྒྱུར་སྟབས་བདེ་བྱུང་ཡོད། 2018ལོར་ད་དུང་གྲོང་ཚོས་བཟའ་བཅའ་ཀུང་སི་ཞིག་བཙུགས་ཏེ་ཕྱིར་ཚགས་ཤ་དང་། བོད་ཕག སྦྲང་རྩི་སོགས་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་བཙོངས་ཡོད། ན་ནིང་ཀུང་སིའི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་260ཟིན་པ་དང་དུད་ཚང་དབུལ་པོ་མི་10དང་དུད་ཚང་དབུལ་པོ་མིན་པའི་མི་20ལས་ཞུགས་ཐུབ་པས། གྲོང་ཚོའི་མི་སེར་ཚོས་ངལ་རྩོལ་ལ་བརྟེན་ནས་ཕྱུག་པོ་ཆགས་རྒྱུའི་ཡིད་ཆེས་འཕེལ་ཡོད”ཅེས་བརྗོད་བྱུང་།
        “སྔོན་མ་ཏན་ཙེ་ཕིང་གི་གྲོང་མི་ཀའོ་ཕིང་གྲོང་རྡལ་དུ་ཉོ་ཆ་རྒྱག་པར་བསྐྱོད་ན། གཡང་གཟར་འཕྲང་ལམ་གྱི་རི་ཀླུང་བརྒལ་དགོས་པ་དང་ཕར་འགྲོ་ཚུར་འོང་བྱས་ན་ཆུ་ཚོད་གཉིས་གསུམ་ཙམ་འགོར་གྱི་ཡོད། 2002ལོར་ང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིར་བདམས་རྗེས་གྲོང་མི་ཚོའི་སྣེ་ཁྲིད་དེ་ལམ་བསྐྲུན་འགོ་ཚུགས་པ་ཡིན” གྲོང་མི་ཚོས“ཧྲུའུ་ཅི་ཡུས་ཀུང་ལགས”ཞེས་འབོད་པའི་ཧུའུ་པེ་ཞིང་ཆེན་ཨེན་ཧྲེ་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཅན་ཧྲེ་རྫོང་ཏན་ཙེ་ཕིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཀོང་གོས་ཚོགས་འདུའི་ཐོག“ལོ་དེ་དག་ནང་གྲོང་ཚོའི་ས་རྡོའི་ལམ་ཨར་འདམ་ལམ་དང་སྣུམ་ནག་ལམ་དུ་བསྐྲུན་པ་དང་སྔོན་མ་ཞོག་ཁོག་དང་། ཨ་ཤོམ། སྲན་མ་བཅས་འདེབས་པ་དང་ད་ཆ་ཤིང་འབྲས་འདེབས་པ་མ་ཟད། སེ་པན་བཟོ་གྲྭ་བཙུགས་ནས་སེ་པན་ཕྱི་རྒྱལ་དུ་འཚོང་གི་ཡོད། གཞུང་ལམ་ཤར་གཏོང་ཐུབ་རྗེས་ཐོན་ལས་འཕེལ་རྒྱས་དང་མི་སེར་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་ཐུབ་ཡོད”ཅེས་བརྗོད། ཝང་ཀོང་གོས་སེམས་རྩ་འཁོལ་པོས་ཚང་མར“ང་ཚོའི་གྲོང་ཚོ་རི་ཁུལ་དུ་གནས་པས་ཁོར་ཡུག་ཧ་ཅང་མཛེས་པོ་ཡོད། འགྲིམ་འགྲུལ་ལས་བྱུང་བའི་གྲོང་གསེབ་ཀྱི་འགྱུར་ལྡོག་ལ་ཚང་མ་གཟིགས་པར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བརྗོད་བྱུང་། 
རྩོམ་སྒྲིག་པ། སངས་སྐྱབས།