དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ས་གནས་འདིས་དགེ་རྒན་བསྡུ་བའི་ཡིག་རྒྱུགས་ཀྱི་ནང་དོན་ཕྱི་ལ་ཤོར་འདུག

སྤེལ་དུས 2021-03-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
        ཟླ3པའི་ཚེས28ཉིན། དྲ་གྲོགས་མང་པོ་ཞིག་གིས་རྩོམ་ཡིག་སྤེལ་ཏེ། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་དགེ་རྒན་བསྡུ་བའི་ཡིག་རྒྱུགས་ཀྱི་ནང་དོན་ཕྱི་ལ་ཤོར་བར་དོགས་གཞི་ཡོད་པར་བསྟན། 
        ཚེས28ཉིན་གྱི་དགོང་མོར་ཆིང་ཏའོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གཞུང་ཕྱོགས་པོད་འཕྲིན“ཆིང་ཏའོ་སློབ་གསོའི་པོད་འཕྲིན”བརྒྱུད་དེ་ད་ཐེངས་ཀྱི་ཡིག་རྒྱུགས་ནང་དོན་ཕྱི་ལ་ཤོར་བའི་དོན་དག་དེ་ཞི་ཧའེ་ཨན་ཁུལ་གསར་སོགས་ཆུས་དང་གྲོང་ཁྱེར་དྲུག་གི་དགེ་རྒན་བསྡུ་བའི་ཡིག་རྒྱུགས་དང་འབྲེལ་བ་ཡོད་པ་དང་། འབྲེལ་ཡོད་ཆུས་དང་གྲོང་ཁྱེར་གྱིས་དེ་མ་ཐག་ཉེན་བརྡ་བཏང་བ་དང་ཆབས་ཅིག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་བརྡ་བཏང་བ་ཡིན། མིག་སྔར་སྤྱི་བདེ་ལས་ཁུངས་ཀྱིས་དེར་རྩད་གཅོད་བྱེད་བཞིན་ཡོད་ཅེས་བཀོད་ཡོད།

        ཆིང་ཏའོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལས་རྟོགས་ཐུབ་པ་ནི་ཆིང་ཏའོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་འབྲེལ་ཡོད་ཆུས་དང་གྲོང་ཁྱེར་གྱི་དགེ་རྒན་བསྡུ་བའི་རྒྱུགས་གཞིར་གླེང་ཕྱོགས་བྱུང་རྗེས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། དེ་མ་ཐག་འབྲེལ་ཡོད་གནས་ཚུལ་ཞིབ་དཔྱད་དང་ཤེས་རྟོགས་བྱས་པ་རེད།
        ད་ལོར་གྲོང་ཁྱེར་དེ་གའི་དགེ་རྒན་བསྡུ་བའི་རྒྱུགས་ལེན་སྟངས་ནི་རིགས་གཉིས་སུ་བགོས་ཡོད་པ་སྟེ། གཅིག་ནི“སྔོན་ལ་ངོ་རྒྱུགས་ལེན་པ་དང་། དེ་ནས་སློབ་གསོའི་གཅིག་གྱུར་ཤེས་བྱའི་རྒྱུགས་ལེན་པ་དེ་རེད། གཅིག་ཤོས་ནི་བསླབ་ཚན་ཡིག་རྒྱུགས་དང་ངོ་རྒྱུགས་ལེན་པ་དེ་རེད། ཞིབ་བཤེར་བྱས་པ་བརྒྱུད་ད་ཐེངས་ཀྱི་གླེང་ཕྱོགས་དང་འབྲེལ་བ་ཡོད་པའི་ཆུས་དང་གྲོང་ཁྱེར་ནི་ཞི་ཧའེ་ཨན་ཁུལ་གསར་དང་། ཁྲེང་དབྱང་ཆུས། ཅི་མའོ་ཆུས། ཅའོ་ཀྲོའུ་གྲོང་ཁྱེར། ཕིང་ཏུའུ་གྲོང་ཁྱེར། ལའེ་ཞི་གྲོང་ཁྱེར་བཅས་ཡིན་ལ། ཆུས་དང་གྲོང་ཁྱེར་དྲུག་པོ་འདིས་རྒྱུགས་ལེན་སྟངས་རིགས་གཉིས་པ་སྤྱད་ཅིང་། མཉམ་འབྲེལ་མངགས་བཅོལ་གྱི་རྣམ་པའི་སྒོ་ནས་རྒྱུགས་གཞི་བཏོན་པ་ཞིག་རེད། 
        གླེང་ཕྱོགས་བྱུང་རྗེས། གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་དེ་མ་ཐག་འབྲེལ་ཡོད་ཆུས་དང་གྲོང་ཁྱེར་གྱིས་འཕྲལ་དུ་ཞིབ་བཤེར་བྱས་ནས་མགྱོགས་མྱུར་ངང་ཉེན་རྟོག་པར་བརྡ་གཏོང་དགོས་པའི་འགན་སྤྲད། དེ་དང་ཆབས་ཅིག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་བརྡ་བཏང་པ་རེད། མིག་སྔར་སྤྱི་བདེ་ལས་ཁུངས་ཀྱིས་དེར་རྩད་གཅོད་བྱེད་བཞིན་ཡོད། གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་འབྲེལ་ཡོད་ཆུས་དང་གྲོང་ཁྱེར་ལ་གནས་ཚུལ་ངོ་མ་གང་མགྱོགས་ཤེས་རྟོགས་ཐུབ་པ་བྱས་ནས་དུས་ཐོག་ཏུ་བརྡ་བཏང་ནས། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་པ་དང་། དགེ་རྒན་བསྡུ་བའི་ཡིག་རྒྱུགས་དྲང་པོ་དྲང་གཞག་ཡོང་བར་སྲུང་སྐྱོང་བྱེད་དགོས་པར་སྐུལ་བ་རེད།
        གསར་འགོད་པས་འབྲེལ་ཡོད་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་བདེ་ལས་ཁུངས་ཀྱིས་མིག་སྔར་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་ཡོད་པ་དང་གྱོད་གཞི་དེ་མུ་མཐུད་སྒྲུབ་བཞིན་ཡོད། ཆིང་ཏའོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་འཛིན་པས་སྤྱི་བདེ་ལས་ཁུངས་ཀྱི་བརྟག་དཔྱད་འབྲས་བུར་གཞིགས་ནས་གོམ་སྟབས་རྗེས་མའི་ཐབས་ལམ་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།