ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་དཔལ་འབྱོར་དང་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

སྤེལ་དུས 2022-06-28 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

           ཡིད་འོང་ཅང་སུའུ་རུ། ཁྱེད་ཉིད་ཡོད་པས་དེ་བས་མཛེས་སྡུག་ལྡན་ཞེས་པའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཁྱབ་གདལ་གྱི་དུས་ཚིགས་གསུམ་པའི་མུ་འབྲེལ་བྱེད་སྒོ་2022ལོའི་ཟླ་6ཚེས་25ཉིན་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་ལོ་མ་མཚོ་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་སྤེལ་བ་རེད། ད་རེས་ཀྱི་བྱེད་སྒོར་བརྗོད་དོན་གཙོ་བོ་14དང་ཁྱོན་བྱེད་སྒོ་500ལྷག་ཙམ་བཀོད་སྒྲིག་བྱས་ནས། འདི་ལོའི་ཟླ་12བར་རྒྱུན་མཐུད་སྤེལ་མཁན་རེད། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་ཕྱོགས་ཡོངས་ནས་སླར་གསོ་མྱུར་པོ་ཡོང་ཐབས་བྱས་ཏེ། དཔལ་འབྱོར་བརྟན་པོའི་ངང་འཕར་བར་དེ་བས་ལེགས་པའི་རམ་འདེགས་བྱེད་རྒྱུ་རེད། འདི་ནི་ཟླ་6ཚེས་25ཉིན་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་ལོ་མ་མཚོ་བྱེ་ཐང་སྤྱི་གླིང་དུ་ཕྲུ་གུས་རྩེད་མོ་རྩེ་བཞིན་པ།