ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་ཞི་བདེར་གཅེས་སྤྲས་བྱེད།
སྤེལ་དུས 2022-07-11
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
དམངས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་85འཁོར་བར་དྲན་གསོ་ཞུ་ཆེད། ཟླ་7ཚེས་6ཉིན་གྱི་ཕྱི་དྲོར་ཅང་སུའུ་ཞིང་ཆེན་ཐའེ་ཤིང་གྲོང་ཁྱེར་ཤིན་ཅེ་གྲོང་རྡལ་དབྱང་ཚུན་མེའོ་ཡི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ། ཐའེ་ཀྲོའུ་དང་ཐའེ་ཤིང་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་85འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་ཞིང་། འདི་ནི་དེ་ཉིན་ལོ་ཆུང་གདོང་ལེན་རུ་མིས་ཤོན་ཐའེ་དམག་འཁྲུག་སྐབས་ཀྱི་འཐབ་འཛིང་བའི་འབུར་བརྐོས་མདུན་དུ་འགྲེལ་བཤད་པའི་ངོ་སྤྲོད་ཉན་བཞིན་པ།
ཉིན་ཤས་བསྟུད་མར་ས་གནས་མང་པོར་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་85འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།
ཟླ་7ཚེས་7ཉིན་གྱི་སྔ་དྲོར། ཧོ་པེ་ཞིང་ཆེན་ཞེང་ཐའེ་གྲོང་ཁྱེར་ཤིན་ཏུའུ་ཆུས་ཀྱི་ནུབ་རྒྱུད་རི་ཁུལ་གྱི་ཆན་ནན་ཡུས་གྲོང་ཚོའི་ཀྲུང་གོ་མི་དམངས་རི་འགོག་དམག་སྲིད་སློབ་ཆེན་གྱི་འགྲེམས་སྟོན་ཁང་དང་རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་རིགས་ཀྱི་དྲན་གསོ་ཁང་20ལྷག་ཙམ་གྱིས་མཉམ་དུ་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་85འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། ཛ་དྲག་གི་མཁའ་ཟོན་ཉེན་བརྡའི་སྒྲ་རི་འགོག་དམག་སྲིད་སློབ་ཆེན་གྱི་འགྲེམས་སྟོན་ཁང་གི་ཐང་ཆེན་དུ་བསྒྲགས་ནས། མི་རྣམས་ལ་ངོ་ཚ་དགོས་པའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ལས་སླ་པོར་བྱུང་བ་ཞིག་མིན་པའི་ཞི་བདེའི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། དྲན་གསོའི་བྱེད་སྒོ་དེ“བདུན་པའི་ཚེས་བདུན་གྱི་དུས་འགྱུར”གཙོ་རྐང་དུ་བྱས་ནས་རྒྱལ་དར་སྒྲེང་བ་དང་། མེ་ཏོག་སི་ར་འབུལ་བ། མཉམ་དུ་ངག་བསྡམས་ནས་མྱ་ངན་ཞུ་བ། སྙན་ངག་གྱེར་འདོན། འགྲེམས་ཁང་ལ་ལྟ་སྐོར་སོགས་ཀྱི་བྱེད་ཐབས་བརྒྱུད་ཚང་མར་རི་འགོག་དམག་འཁྲུག་གི་ལོ་རྒྱུས་བསྐྱར་དྲན་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན། རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱེད་དུ་བཅུག་པ་རེད། “ཏང་ཐུགས་བློ་བདེ་པོ་བྱོས། རྒྱལ་སྟོབས་འཕེལ་བར་ང་ཡིས་འབད”ཅེས་བྱེད་སྒོ་སྤེལ་རིང་ཅང་ཧྲུའེ་སློབ་འབྲིང་གི་སློབ་མས་ཚིག་གསལ་ལ་སྐད་ཤུགས་ཆེན་པོས་དམ་བཅའ་བརྟན་པོ་བཞག་པ་རེད། “རི་འགོག་དམག་འཁྲུག་ཕྱོགས་ཡོངས་ནས་ལངས་རྗེས། ཀྲུང་གོ་མི་དམངས་རི་འགོག་དམག་སྲིད་སློབ་ཆེན་གྱི་སློབ་དུས་གཉིས་པའི་སློབ་མ་1300ལྷག་ཙམ་སྔ་སྣུར་དུ་སློབ་གྲྭ་ཐོན་ཏེ་རི་འགོག་དམག་འཁྲུག་གི་འཐབ་ས་ཁག་ཏུ་བསྐྱོད་ནས། མི་རིགས་ཀྱི་བཅིངས་འགྲོལ་བྱ་གཞག་དོན་དུ་རང་སྲོག་བློས་གཏོང་བའི་གྲ་སྒྲིག་ཨང་གསར་བྱས་ཡོད” ཀྲུང་གོ་མི་དམངས་རི་འགོག་དམག་སྲིད་སློབ་ཆེན་གྱི་འགྲེམས་སྟོན་ཁང་གི“རི་འགོག་དམག་འཁྲུག་གི་རླབས་རྒྱུན”གྱི་ཁུལ་ཆེན་དུ་ཀྲུང་གོ་མི་དམངས་རི་འགོག་དམག་སྲིད་སློབ་ཆེན་གྱི་འགྲེམས་སྟོན་ཁང་གི་འགྲེལ་བཤད་པ་ལིའུ་ཞའོ་གཡན་གྱིས་ཚང་མར་ལོ་རྒྱུས་ཀྱི་དེ་རིང་བརྩེ་སེམས་ཟབ་མོས་བརྗོད་པ་རེད། “གསར་བརྗེའི་སྔོན་བྱོན་པ་མང་པོས་མགོ་བོ་དོར་ཞིང་ཁྲག་དམར་བཏོན་པ་ལས་ཚང་མར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་བྱུང་བ་རེད། གསར་བརྗེའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁང་གི་འགྲེལ་བཤད་པ་ཞིག་གི་ཆ་ནས། ངས་མི་དེ་བས་མང་བར་གསར་བརྗེའི་གཏམ་རྒྱུད་བཤད་དེ་གསར་བརྗེའི་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་འཇགས་པར་བྱས་ནས། ཚང་མ་དང་མཉམ་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཞི་བདེར་གཅེས་སྤྲས་དང་རྒྱུན་མཐུད་འབད་འཐབ་བྱེད་ཀྱི་ཡིན”ཞེས་ལིའུ་ཞའོ་གཡན་གྱིས་བཤད།
ཟླ་7ཚེས་7ཉིན་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་85འཁོར་བར་དྲན་གསོ་ཞུ་ཆེད། ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གིས་པེ་ཅིང་གི་རི་འགོག་རིགས་ཀྱི་དྲན་གསོ་ཁང་15དང་མཉམ་དུ《དམག་འཁྲུག་གི་དྲན་ཤེས། པེ་ཅིང་གི་རི་འགོག་དམག་འཁྲུག་གི་བརྗོད་དོན་གཙོ་བོའི་ཡུག་ཁུལ་གྱི་དམིགས་བསལ་འགྲེམས་སྟོན》བཀོད་སྒྲིག་བྱས་པས། དེ་གར་ལྟ་སྐོར་བྱེད་མཁན་རྒྱུན་ཆད་མེད། འགྲེམས་སྟོན་ལས་པེ་ཅིང་གི་སྣ་མང་ཕུན་སུམ་ཚོགས་པའི་རི་འགོག་རིག་གནས་ཀྱི་ཐོན་ཁུངས་དང་དེ་བཞིན་རི་འགོག་གི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཚུལ་གསོན་ཉམས་དོད་པོས་མངོན་ཡོད།
ཟླ་7ཚེས་6ཉིན་གྱི་ཕྱི་དྲོར་ཅང་སུའུ་ཞིང་ཆེན་ཐའེ་ཤིང་གྲོང་ཁྱེར་ཤིན་ཅེ་གྲོང་རྡལ་དབྱང་ཚུན་མེའོ་ཡི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ། ཐའེ་ཀྲོའུ་དང་ཐའེ་ཤིང་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་85འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་སར་སྐྱེ་བོ་ཡོངས་ཀྱིས་གུས་སྟབས་ཀྱིས་ལངས་ནས་རི་འགོག་དམག་འཁྲུག་ལ་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། ཚང་མས་ཡིད་སྨོན་གུས་བཀུར་གྱི་བསམ་པ་འཆང་བཞིན་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་། རི་འགོག་དམག་འཁྲུག་གི་སྙིང་སྟོབས་བསྐྱར་དྲན། མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བཅས་བྱས་པ་རེད།