ལུག་མིག་མེ་ཏོག་ལ་ལྟ་བའི་དུས་ཡག་ཤོས།
སྤེལ་དུས 2022-10-27
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉེ་ཆར། ཆིང་ཏའོ་གྲོང་ཁྱེར་གྱི་ལུག་མིག་མེ་ཏོག་འགྲེམས་སྟོན་སྐབས་38པ་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཀྲུང་ཧྲན་སྤྱི་གླིང་དུ་གཉེར་ཞིང་། འགྲེམས་སྟོན་བྱས་པའི་ལུག་མིག་མེ་ཏོག་ཚང་མ་མེ་ཏོག་བཞད་པའི་དུས་སུ་སླེབས་ཡོད་པས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་མེ་ཏོག་ལ་ལྟ་བར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། འདི་ནི་ཡུལ་སྐོར་བས་ལུག་མིག་མེ་ཏོག་འགྲེམས་སྟོན་ཐོག་པར་རྒྱག་བཞིན་པ།
ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཧྥུའུ་དབྱང་ཆུས་ཧྥུའུ་ཁྲུན་ཅང་གཙང་འགྲམ་གྱི་མུའུ་ཁྲི་ཁ་ཤས་ཀྱི་འབྲས་ཞིང་བསྡུ་བའི་དུས་སུ་སླེབས་ནས། ཉ་དང་འབྲས་ཀྱི་ཕ་ཡུལ་དུ་ལོ་ལེགས་ཀྱི་རྣམ་པས་ཁེངས་ཤིང་། འདི་ནི་ཧང་ཀྲོའུ་གྲོང་ཁྱེར་ཧྥུའུ་དབྱང་ཆུས་ཡུང་ཁྲང་གྲོང་རྡལ་ལན་ཐེན་དབན་གྱི་སྐས་ཞིང་གི་ཆུ་འབྲས་ཡིན་ལ། སྐས་ཞིང་དེ་ནི་རི་རྒོད་སྒྱུར་བཀོད་བྱས་ནས་བསྐྲུན་པའི“ཆུ་བེད་གྲོན་ཆུང་གི་ཞིང་ཁ”ཞིག་ཡིན་པ་དང་ཆར་དུས་སུ་ཆར་ཆུ་བསགས་ནས་ཞིང་ཁའི་འོག་གི་ས་འོག་མངོན་མེད་ཆུ་མཛོད་ལ་སྙོམས་སྒྲིག་བེད་སྤྱོད་བྱ་རྒྱུར་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།