ཟླ12པའི་ཚེས26ཉིན་ནི་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར130ལོན་པའི་རྗེས་དྲན་ཉིན་མོ་རེད། ཀྲུང་གོའི་མི་དམངས་ཀྱི་དོན་དུ་འབད་བརྩོན་ལྷོད་མེད་བྱས་པའི་སྐུ་ཚེ་འོད་སྟོང་ལྡན་པའི་ནང་དུ། བློ་མཐུན་མའོ་ཙེ་ཏུང་གིས་གསར་བརྗེའི་གཙོ་འཛིན་རླབས་ཆེན་ཞིག་གི་མཐོང་རྒྱ་ཆེ་བའི་ཆབ་སྲིད་ཀྱི་མིག་རྒྱང་རིང་པོ་དང་། བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་དད་སེམས། བྱང་དུ་ཆུབ་པའི་འཐབ་རྩོད་སྒྱུ་རྩལ། ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་འཇོན་ཐང་བཅས་མངོན་པར་མཚོན་ཡོད། ང་ཚོས་བློ་མཐུན་མའོ་ཙེ་ཏུང་མཆོག་གི་ཞལ་འཛུམ་བསྟན་པའི་སྐུ་པར་ཁག་ཅིག་ཆེད་དུ་བཏོན་ཏེ། དྲ་གྲོགས་ཚོ་དང་མཉམ་དུ་གཙོ་འཛིན་གྱི་བརྗིད་ཉམས་ཚོར་བཞིན་མི་བུ་རླབས་ཆེན་ཁོང་ལ་རྗེས་དྲན་ཞུ།
1965ལོའི་ཟླ5པར། མའོ་ཙེ་ཏུང་མཆོག་སླར་ཡང་ཅིང་ཀང་རི་བོར་འཛེགས་པ།
1961ལོར། བློ་མཐུན་མའོ་ཙེ་ཏུང་མཆོག་ལུའུ་ཧྲན་རི་བོར་བཞུགས་ཡོད་པ།
1949ལོར་མའོ་ཨན་ཡིང་དང་ལྷན་དུ་ཞང་ཧྲན་ཧྲོང་ཆིང་སྤྲོ་ཁང་དུ་བཞུགས་ཡོད་པ།
མའོ་ཙེ་ཏུང་མཆོག་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་བཞུགས་ཡོད་པ།
1955ལོར། མའོ་ཙེ་ཏུང་མཆོག་རྒྱལ་ཡོངས་འཐུས་ཚོགས་སུ་ཞུགས་པ།
1957ལོའི་ཟླ10པའི་ཚེས29ཉིན། མའོ་ཙེ་ཏུང་མཆོག་གིས་སུའུ་ལེན་གྱི་པ་ལིའི་ཞབས་བྲོ་ཚོགས་པས་འཁྲབ་པའི《ངང་དཀར་མཚེའུ》ཞེས་པའི་འཁྲབ་སྟོན་ལ་གཟིགས་པ།
1958ལོར། མའོ་ཙེ་ཏུང་མཆོག་གིས་ཨན་ཧུའེ་བཟོ་གྲྭར་གཟིགས་ཞིབ་གནང་བ།
1958ལོར། མའོ་ཙེ་ཏུང་མཆོག་ཚོགས་ཆེན་བརྒྱད་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པ།
1959ལོར། མའོ་ཙེ་ཏུང་མཆོག་གིས་ཕ་ཡུལ་ཧྲའོ་ཧྲན་དུ་ཞིང་དབུལ་ཧྲེ་ཡོན་དང་བྱམས་བརྩེའི་གླེང་མོལ་གནང་བ།
1974ལོའི་ཟླ5པར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཞི་སི་དང་མཇལ་འཛོམས་གནང་བ།