ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་རྣམ་པ་གསར་ཤོས་ངོམ་སྟོན་བྱས་འདུག

སྤེལ་དུས 2024-01-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཟླ་དང་པོའི་ཚེས2ཉིན་གྱི་དགོང་མོའི《གསར་འགྱུར་མཉམ་བསྒྲགས》ནང་གནམ་ཐང་གྲུ་གཟིངས་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་རྣམ་པ་གསར་ཤོས་ངོམ་སྟོན་བྱས་ཡོད།
             ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་མཚོ་དམག་དབྱི་ཧུང་ཤིན་གྱིས“ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ནུས་ཤུགས་ཡོད་རྒུས་གནམ་ཐང་གྲུ་གཟིངས་ཀྱི་བྱ་གཞག་ནང་ཞུགས་ཏེ། འཆར་གཞི་ལྟར་མཚོ་ཁའི་ཚོད་ལྟར་སྐུལ་འདེད་བརྟན་པོ་བཏང་ཡོད། ལོ་གསར་པའི་ནང་ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་ཞུམ་མེད་འབད་འཐབ་ཀྱིས་འཐབ་ནུས་སྔ་ཙམ་གྲུབ་པའི་བརྩོན་ལེན་བྱས་ཏེ་དུས་བཀག་ལྟར་དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བའི་ཕྱོགས་སུ་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱ་རྒྱུ་ཡིན”ཞེས་བརྗོད།

             ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་ཨང་རྟགས“18”ཡིན་ལ། རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་གསུམ་པ་དེ་རེད་ལ། རང་རྒྱལ་གྱིས་ཡོངས་སུ་རང་བརྟེན་ཇུས་འགོད་བཟོ་སྐྲུན་བྱས་པའི་མདེལ་འཕེན་རྣམ་པའི་གནམ་ཐང་གྲུ་གཟིངས་ཐོག་མ་དེའང་རེད། 
             གནམ་ཐང་གྲུ་གཟིངས་དེར་དྲང་སྙོམས་འཕུར་སྐྱོད་ཀྱི་གྲུ་གཅལ་སྤྱད་པ་དང་། ཁབ་ལེན་ལྡེམ་འཕེན་དང་འགོག་གནོན་སྒྲིག་ཆས་སྒྲིག་སྦྱོར་བྱས་པ། ཆུ་བྱུར་བུར་ཁེངས་སྐབས་ཆུ་འབུད་ཚད་ཏུན་ཁྲི8ལྷག་ཙམ་ཟིན་གྱི་ཡོད་ལ། 2022ལོའི་ཟླ6པར་ཆུ་ཐོག་སྐྱོད་ཡོད།
             སླད་ཕྱིན་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུ་ལས་གཏམ་བཟང་ཡང་ཡང་གྲགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།