ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་སར་མུ་འབྲེལ་འབར་གས་ཀྱི་དོན་རྐྱེན་ཐོན་པ།

སྤེལ་དུས 2024-01-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ས་གནས་དེ་གའི་དུས་ཚོད་ཟླ་དང་པོའི་ཚེས24ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོ་ཙམ་ལ། མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་གྲོང་ཁྱེར་གྱི་ཤར་རྒྱུད་དུ་ཡོད་པའི་པཱ་ཡན་ཀྲུའུ་རི་ཧོ་ཁུལ་དུ་སོལ་རླངས་འདྲེན་འཁོར་ཞིག་དང་རླངས་འཁོར་ཆུང་བ་ཞིག་རྡུང་ཁ་ཤོར་བའི་དོན་རྐྱེན་བྱུང་ལ། དོན་རྐྱེན་གྱིས་འབར་གས་བྱུང་བར་མ་ཟད་མེ་ཆེན་པོ་འབར་པ་རེད། ཉེ་འགྲམ་གྱི་ཁྱིམ་ཚང60ཙམ་གྱི་སྡོད་ཁང་ལ་གཏོར་སྐྱོན་ཡང་ཕོག་ཡོད།
མོང་གོལ་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་སྤྱི་ཁྱབ་ཅུས་ཀྱི་དྲ་ཚིགས་ཐོག་གི་པར།
            ཛ་དྲག་གནས་ཚུལ་སྤྱི་ཁྱབ་ཅུས་ཀྱིས་མི200ལྷག་ཙམ་དོན་རྐྱེན་ཡུལ་དངོས་སུ་མེ་གསོད་པ་དང་རོགས་སྐྱོབ་བྱེད་པར་བསྐྱོད་ལ། ཉེན་རྟོག་ཅུས་དང་། སྨན་ཁང་། ཆུ་དོན་སོགས་སྡེ་ཁག་གི་མི600ལྷག་ཙམ་འབར་གས་བྱུང་སའི་ས་ཁོངས་ནས་ས་གནས་དེ་གའི་དམངས་ཚོགས་ལ་རོགས་རམ་བྱེད་པར་བསྐྱོད་ཡོད། འབར་གས་ལས་བྱུང་བའི་མེ་སྐྱོན་དེ་ས་གནས་དེ་གའི་དུས་ཚོད་ཐོ་རེངས་ཀྱི་ཆུ་ཚོད2དང་སྐར་མ15ཐོག་བསད་ཐུབ་ཡོད།
 
 
 
རྩོམ་སྒྲིག་པ། ལྷ་འབྲུག