ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ཁབ་རིམ་པའི་གངས་ཤུད་ཡུལ་སྐོར་སྤྲོ་གསེང་ཁུལ་གྱིས། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་282.61ལ་སྣེ་ལེན་ཞུས་པ།

སྤེལ་དུས 2024-02-29 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
             ཉེ་ཆར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལུས་རྩལ་དཔལ་འབྱོར་སིའི་སི་ཀྲང་དབྱང་ཞུའེ་ཏུང་གིས་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་གསར་འགྱུར་ལྟེ་གནས་གཙོ་བོར་བཅར་འདྲི་དང་ལེན་བྱེད་སྐབས། བསྡོམས་རྩིས་བརྒྱབ་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཁབ་རིམ་པའི་གངས་ཤུད་ཡུལ་སྐོར་སྤྲོ་གསེང་ཁུལ་26གིས་ཡུལ་སྐོར་བ་མི་ཐེངས་ཁྲི་282.61ལ་སྣེ་ལེན་ཞུས་པར་ལུས་རྩལ་དང་འབྲེལ་ཡོད་འཛད་སྤྱོད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་25.61བྱུང་ཡོད་ཅེས་བརྗོད།
            དབྱང་ཞུའེ་ཏུང་གིས། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགྲན་ར་ཧུའུ་ལུན་པེར་དང་། ཧུའུ་ཧོ་ཧའོ་ཐེ། ཝུའུ་ལན་ཁྲ་པུའུ། ཁྲེ་ཧྥུང་བཅས་བཞིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་1314.97ལ་སྣེ་ལེན་ཞུས་པར་རིག་གནས་དང་ལུས་རྩལ་མཉམ་འདྲེས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་101.17བྱུང་ཡོད་ཅེས་ངོ་སྤྲོད་བྱས།
            ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་གོ་སྐབས་དམ་འཛིན་བྱས་ནས། གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བྱ་ཐབས་རབ་དང་རིམ་པ་སྤྱད་ཡོད། དཔྱིད་གསར་དུས་ཆེན་གོང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་རིག་གནས་དང་ཡུལ་སྐོར་པུའུ་དང་མཉམ་དུ་ཁག་གསུམ་པའི་རྒྱལ་ཁབ་རིམ་པའི་གངས་ཤུད་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་7གཏན་འཁེལ་བྱས་པ་དང་། གངས་འཁྱགས་ཀྱི་བརྗོད་དོན་གཙོ་བོར་བྱས་པའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ལུས་རྩལ་དང་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་5བཏོད་ཅིང་། ལམ་ཐིག་ལྔ་པོས་དཔྱིད་གསར་དུས་ཆེན་རིང་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་97.38ལ་སྣེ་ལེན་ཞུས་པར་ལུས་རྩལ་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་6.91བྱུང་ཡོད། 

རྩོམ་སྒྲིག་པ། ལྷ་འབྲུག