ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀྲེ་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་ལྗོངས་སུ་ཕེབས་ནས་རྟོག་ཞིབ་དང་བཞུགས་མོལ་གནང་བ།

སྤེལ་དུས 2024-06-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་6ཚེས་24ཉིན་དང་ཚེས་25ཉིན། ཀྲེ་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་6ཚེས་25ཉིན་གྱི་སྔ་དྲོར། ཀྲེ་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོར་སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།
  ཟླ་6ཚེས་24ཉིན་དང་ཚེས་25ཉིན། ཀྲེ་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་བ་རེད། ཟླ་6ཚེས་25ཉིན་གྱི་སྔ་དྲོར། བོད་ལྗོངས་དང་ཀྲེ་ཅང་གི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
  ཟླ་6ཚེས་24ཉིན་དང་ཚེས་25ཉིན། ཀྲེ་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ཕེབས་ནས་རྟོག་ཞིབ་གནང་བ་རེད། ཚེས་25ཉིན་གྱི་སྔ་དྲོར། བོད་ལྗོངས་དང་ཀྲེ་ཅང་གི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དབྱི་ལན་ཧུང་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་རེད།
  བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲེ་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་ལ་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཀྲེ་ཅང་ཞིང་ཆེན་གྱིས་དུས་ཡུན་རིང་པོར། བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲེ་ཅང་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། དོན་དངོས་སྒྲུབ་པ་དང་། མདུན་གྲལ་དུ་སྐྱོད་པ། དཔའ་ངར་ཞུམ་མེད་ཀྱིས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་བཅས་བྱས་ནས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གོམ་སྟབས་བརྟན་པོ་སྤོས་ཡོད། ང་ཚོས་ཀྲེ་ཅང་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་སྤོབས་པ་བྱེད་ཀྱི་ཡོད། བོད་སྐྱོར་བྱས་ནས་ལོ་30སོང་རིང་། ཀྲེ་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐྱེ་སྟོབས་དང་གསོན་ཤུགས་བསྣན་ཡོད། བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་རྒྱུན་སྲིང་ལྷོད་མེད་ངང“བརྟན་ལྷིང་དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་པར་བརྟེན་མིག་སྔར་བོད་དུ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ཕྱོགས་གཉིས་པོས་རང་སོ་སོའི་ལེགས་ཆ་འདོན་པ་དང་། ཉམས་མྱོང་སྔར་བས་ཕྱོགས་སྡོམ་བྱེད་པ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཐུབ་པའི་རེ་བ་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་མཐའ་འཁྱོངས་བྱ་རྒྱུ་གཙོ་རྐང་དུ་བྱེད་པ་དང་། ཁྱབ་ཁོངས་རྒྱ་ཆེ་བ་དང་རིམ་པ་མང་བའི་སྤེལ་རེས་བྱེད་པ། ས་གནས་གཉིས་ཀྱི་མི་དམངས་གཅིག་སེམས་གཅིག་སྦྲེལ་དང་བརྩེ་སེམས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། དགེ་སྤེལ་སྐྱོན་སྤང་དང་ལེགས་ཆ་གསབ་རེས་མཐའ་འཁྱོངས་བྱེད་པ། ས་ཁོངས་བརྒལ་བའི་ཁྲོམ་རའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ལྗོངས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་དང་སྔར་བས་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་དགོས། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་པ་སྤེལ་རེས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་དངོས་ཐོན་པར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་པ་དང་། ཐཱན་ཉུང་དང་། སྦགས་བཙོག་ཉུང་གཏོང་། སྔོ་ལྗང་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཀྱི་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་རྒྱུན་མཐུད་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཐུན་མོང་ཐོག་མཐོ་རུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། གཞི་རིམ་བཅོས་སྐྱོང་མཉམ་ལས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་དགོས། ཕྱི་ཕྱོགས་སྒོ་དབྱེ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། བོད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རིམ་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་རམ་འདེགས་བཅས་བྱས་ནས་ཁྲོམ་ར་ཕན་ཚུན་སྦྲེལ་མཐུད་དང་། སྤུས་རྟགས་ཕན་ཚུན་དྲིལ་བསྒྲགས། འགྲུལ་པ་ཕན་ཚུན་གཏོང་རེས་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
  དབྱི་ལན་ཧུང་གིས་ཀྲེ་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་ཀྲེ་ཅང་གི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་དང་ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བོད་ནི་ངོ་མཚར་ཆེ་བའི་ས་ཆ་ཞིག་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། སྙིང་སྟོབས་ཀྱིས་ཕྱུག་པ། ངོ་མཚར་གཏོད་པ་བཅས་ཀྱི་ས་ཆ་ཞིག་ཡིན། བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྦད་དེ་ཡང་དག་ཡིན་པ་གསལ་བཤད་ཐུབ་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་ཆེན་པོ་གང་ལེགས་མངོན་ནས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་སུ་དམ་པོར་འབྲངས་ཏེ་རྒྱང་ལམ་གསར་པར་འབད་ཐབས་བྱས་ནས་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཡིད་ཆེས་དང་ཆོད་སེམས་དེ་བས་ཆེ་རུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། མཐུན་སྒྲིལ་འབད་འཐབ་དང་། དངོས་སྒྲུབ་ཡར་བརྩོན། དངོས་འཛིན་དངོས་སྒྲུབ་བཅས་བྱས་པར་བརྟེན། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་ལྕག་ཐེབས་པ་དང་སྤོབས་སེམས་ཆེ་རུ་ཕྱིན་ཡོད། ཀྲེ་ཅང་གིས་བོད་ཀྱི་མཐའ་སྐྱོང་བོད་བརྟན་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་ཚུགས་གནས་དང་། འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གྱི་དངོས་སྒྲུབ་བྱེད་ཐབས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་བཅོས་སྐྱོང་ཐབས་བཟང་། སྐྱེ་ཁམས་སྔོན་འཇོག་དང་སྲུང་སྐྱོང་ཨང་དང་པོར་འཇོག་པའི་བློ་བརྟན་འགྱུར་མེད་ཀྱི་ངེས་ཤུགས། རྒྱལ་ཁབ་དང་ཁྱིམ་ཚང་ལ་བརྩེ་སེམས་འཆང་བ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དང་སྤྱོད་བཟང་བཅས་ལ་སློབ་སྦྱོང་ཞུ་གི་ཡིན། ཀྲེ་ཅང་དང་བོད་དབར་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ནས་ལོ་30སོང་རིང་། བར་ཐག་ལེ་དབར་ཆོད་ཀྱང་བརྩེ་སེམས་བྲག་ལྟར་བརྟན་པ་དང་། འགྲོ་འོང་དེ་བས་ཟབ་པ་དང་མཉམ་ལས་དེ་བས་ཟབ་ཏུ་ཕྱིན་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲེ་ཅང་དང་བོད་ཀྱི་མཛའ་གྲོགས་ཟབ་མོ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོར་བརྟེན་ནས་བཏིང་གནང་བའི་རྨང་གཞི་བརྟན་པོ་ལས་བྱུང་བ་ཞིག་དང་། ས་གནས་གཉིས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བསམ་སྦྱོར་གཅིག་མཐུན་གྱི་གོམ་སྟབས་བརྟན་པོས་དཔང་པོ་བྱས་པ་ཞིག ས་གནས་གཉིས་ཀྱིས་མཉམ་ལས་ཀྱི་གྲུབ་འབྲས་གསར་པ་གཏོད་པའི་འདེགས་སྐྱོར་བརྟན་པོ་ལས་བྱུང་བ་ཞིག་བཅས་རེད། མིག་སྔར་ཀྲེ་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང“བརྒྱད་བརྒྱད་འཐབ་ཇུས”གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་མུ་མཐུད་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་རྒྱང་ལམ་གསར་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་ལེའུ་གསར་པ་རྩོམ་བཞིན་ཡོད། ཀྲེ་ཅང་གིས་བོད་སྐྱོར་ལས་དོན་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། བོད་ཀྱི་དགོས་མཁོ་དང་། ཀྲེ་ཅང་གི་འཇོན་ནུས། མང་ཚོགས་ཀྱི་རེ་སྒུག་བཅས་ལ་གཞི་ཚུགས་པ། རང་སོ་སོའི་ལེགས་ཆ་གང་ལེགས་འདོན་པ། བོད་དང་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་དང་། སྒོ་དབྱེར་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ། བདེ་འཇགས་སྲུང་སྐྱོང་བཅས་བྱས་ཏེ། ཐོན་ལས་མཉམ་ལས་ཀྱི་ནུས་པ་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་བ་དང་། ས་ཁོངས་མཉམ་འགུལ་མཐུན་སྦྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀུན་ལ་ཕན་འདོགས་པ་དང་ཁྱབ་པར་སྐུལ་འདེད་གཏོང་བ། བརྟན་ལྷིང་མཐུན་སྒྲིལ་གྱི་དུས་བབ་བཟང་པོ་སྲུང་སྐྱོང་། ལག་གདང་སྦྲེལ་ནས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ་དང་ཀྲེ་ཅང་དང་བོད་ཀྱི་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
  བོད་དུ་བཞུགས་རིང་། ཀྲེ་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་ནག་ཆུ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་རྟོག་ཞིབ་གནང་ནས་སྨན་བཅོས་དང་། སློབ་གསོ། རིག་གནས་སོགས་ཀྱི་བོད་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་། ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་དང་བོད་དུ་ཡོད་པའི་ཀྲེ་ཅང་གི་ཚོང་པའི་འཐུས་མིར་གཟིགས་པ་མ་ཟད། གཞི་རིམ་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད།