ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཤིན་ཅང་ཡེ་ཁྲེང་གིས“གྲོངBA”ཡི་ཨང་དང་པོ་བླངས་པ།

སྤེལ་དུས 2024-07-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཡང་རྒྱལ་ཚེ་རིང་། ཀྲོའོ་ཅཱ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལག་རྩེད་སྤོ་ལོའི་འགྲན་བསྡུར་ལ་བརྟེན་ནས་མཐུན་སྒྲིལ་གྱི་ཉམས་བཟང་མངོན་པར་བྱེད། ཟླ6པའི་ཚེས30ཉིན། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི“སེམས་མཐུན་མྱོང་རོལ”ཞེས་པའི་བྱེད་སྒོ་རབ་དང་རིམ་པའི་ཡ་གྱལ་ཏེ། མི་རིགས་མཐུན་སྒྲིལ་གྱི“གྲོངBA”ཡི་ལག་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་གྱི་རྟིང་རྩོད་འགྲན་སྡུར་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ཤར་ལྷོའི་མིའོ་རིགས་ཏུང་རིགས་རང་སྐྱོང་ཁུལ་གྱི་ཐའེ་ཅང་རྫོང་མི་རིགས་སློབ་འབྲིང་དུ་སྤེལ་ཞིང་། མཐར་ཤིན་ཅང་ཡེ་ཁྲེང་རུ་ཁག་གིས74:72ཀྱི་བསྡུར་གྲངས་ཐོག་ནས་ཀུའེ་ཀྲོའུ་ཁའེ་ལི་རུ་ཁག་ལས་རྣམ་པར་རྒྱལ་ཏེ།  འགྲན་སྡུར་དུས་ཚིགས་འདིའི“གྲོངBA”ཡི་ཨང་དང་པོ་བླངས་ཤིང་། ཀུའེ་ཀྲོའུ་ཁའེ་ལི་རུ་ཁག་ལ་ཨང་གཉིས་པ་ཐོབ་པ་དང་། ཅང་སུའུ་ཏན་དབྱང་རུ་ཁག་ལ་ཨང་གསུམ་པ་ཐོབ་ལ། ཧྲའན་ཞི་ཅིན་པན་རུ་ཁག་ལ་ཨང་བཞི་པ་ཐོབ་ཡོད། 

ལྟད་མོ་ཆེ་བའི་འགྲན་བསྡུར་བྱེད་བཞིན་པ།

 ཤིན་ཅང་ཡེ་ཁྲེང་རུ་ཁག་གིས་ཕར་རྒོལ་བྱེད་བཞིན་པ།

 ཤིན་ཅང་ཡེ་ཁྲེང་རུ་ཁག་གི་སྤོ་ལོ་དབྱིངས་པའི་ཚོགས་པ།

 ཛ་དྲག་ངང་འགྲན་བསྡུར་བྱེད་བཞིན་པ།
             ད་ཐེངས་ཀྱི་འགྲན་བསྡུར་ནང་མང་ཚོགས་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་སྤེལ་རེས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་མངོན་གསལ་དོད་པོ་ཡོང་བར་བྱས་ཤིང་། ཟླ6པའི་ཚེས9ཉིན་ནས་ཚེས30ཉིན་བར། ཀུའེ་ཀྲོའུ་དང་། ཅང་སུའུ། ཤིན་ཅང་། ཧྲའན་ཞི། ཅི་ལིན། ཁྲུང་ཆིང་སོགས་ཞིང་ཆེན(གྲོང་ཁྱེར་དང་ཆུས)19ནས་ཡོང་བའི་གཞི་རིམ་འགྲན་ཞུགས་རུ་ཁག20ཡིས་ཁྱོན་འགྲན་བསྡུར་ཐེངས44བྱས་ཡོད་ལ། རུ་ཁག་ཁག་གིས་ཀྱང་ནུས་ཤུགས་ཡོད་རྒུས་འགྲན་བསྡུར་བྱས་ཏེ་ངོ་མཚར་དང་ཛ་དྲག་ཆེ་བའི་འགྲན་བསྡུར་ཞིག་མིག་མདུན་དུ་བཤམས་ཡོད། ལག་རྩེད་སྤོ་ལོའི་འགྲན་བསྡུར་གྱི་བར་གསེང་དུ་རིག་རྩལ་འཁྲབ་སྟོན་དང་། སྲོལ་རྒྱུན་གྱི་ཞིམ་ཟས། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་གཅིག་སྡུད་ཐོག་བཤམས་ནས། རྒྱལ་ཡོངས་ས་གནས་ཁག་གི་མི་རིགས་དང་དམངས་སྲོལ་རིག་གནས་སྤེལ་རེས་འགྲེམས་སྟོན་བྱས་ཏེ་འགྲན་བསྡུར་དེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པའི་གསར་གཏོད་ཀྱི་གཞི་རྟེན་ཞིག་ཏུ་གྱུར་ཡོད། 

ཀུའེ་ཀྲོའུ་ཁའེ་ལི་རུ་ཁག་གི་སྤོ་ལོ་དབྱིངས་པ་ཚོས་འགྲན་བསྡུར་བྱ་ཡུལ་དུ་སྤོ་ལོ་རུ་ཁག་ལ་ངར་ཤུགས་སློང་བཞིན་པ།
             རྟིང་རྩོད་འགྲན་སྡུར་ཆུ་ཚོད16སྐར་མ24ཡི་ཐོག་དངོས་སུ་འགོ་ཚུགས་པ་དང་། ཀུའེ་ཀྲོའུ་ཁའེ་ལི་རུ་ཁག་གིས་ཤིན་ཅང་ཡེ་ཁྲེང་རུ་ཁག་དང་འགྲན་བསྡུར་བྱས་ཤིང་། ཤན་འབྱེད་པའི་འགྲན་འགོ་ཚུགས་པའི་ཤུ་སྒྲ་གྲགས་པ་དང་བསྟུན་ནས། རུ་ཁག་གཉིས་ཀྱིས་སྤོ་ལོའི་འགྲན་བསྡུར་དྲག་པོ་བྱེད་འགོ་ཚུགས་པ་དང་། སྤོ་ལོ་ཐང་དུ་ཕྱོགས་གཉིས་པོའི་སྤོ་ལོ་རྒྱག་མཁན་ཚོས་རང་ནུས་ཡོད་རྒུས་མི་ལས་སྒྲོལ་བ་དང་། སྤོ་ལོ་ནང་དུ་བླུགས་པ། འབེན་ལ་ཕོག་པ་བཅས་ཀྱི་ངོ་མཚར་ཆེ་བའི་འགྲན་བསྡུར་ལ་དེ་གར་ཡོད་པའི་ལྟད་མོ་བ་ཚོའི་ངར་ཤུགས་སློང་བའི་སྒྲ་དང་། དགའ་འབོད་ཀྱི་སྒྲ། དགའ་བསུ་ཞུ་བའི་སྒྲ་བཅས་གཅིག་རྗེས་གཉིས་མཐུད་ངང་ཐོབ་ཡོད།

 ཀུའེ་ཀྲོའུ་ཁའེ་ལི་རུ་ཁག་གི་སྤོ་ལོ་རྒྱག་མཁན་ཚོས་སྤོ་ལོ་འཕེན་བཞིན་པ།
             ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་མཁན་སྤོ་ལོའི་རུ་ཁག་གི་བྱ་དགའ་དག་ལ“གྲོང་ཚོའི་ཉམས་འགྱུར་ཆེན་པོ”ལྡན་པར་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཁྱད་ཆོས་མངོན་གསལ་དོད་པོའང་མངོན་ཞིང་། ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འབྲས་དང་། ཉ། བྱ་གག མངོན་མིན་རིག་གནས་ཤུལ་བཞག་བཅས་བྱ་དགར་སྤྲད་པ་ཕུད། གཙོ་གཉེར་ཕྱོགས་ཀྱིས་ད་དུང་བྱ་དགའ་ཐོབ་པའི་རུ་ཁག་དང་མི་སྒེར་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པའི་དྲན་གསོའི་གཟེངས་རྟགས་ཀྱང་སྤྲད་ཡོད།

ཤིན་ཅང་གི་སྤོ་ལོ་དབྱིངས་པ་ཚོས་སྤོ་ལོ་རུ་ཁག་ལ་ངར་ཤུགས་སློང་བཞིན་པ།

ཤིན་ཅང་ཡེ་ཁྲེང་རུ་ཁག་གི་སྤོ་ལོ་དབྱིངས་པ་ཚོགས་པ།
             གསར་འགོད་པས་འགྲན་བསྡུར་བྱ་ཡུལ་ནས་ཤེས་རྟོགས་བྱུང་བར། མཚོ་བོད་མཐོ་སྒང་ནས་ཡོང་བའི་སི་ཁྲོན་རྔ་པའི་འཐུས་མི་རུ་ཁག་དང་ཀུའེ་ཀྲོའུ་ཤར་ལྷོའི་ཁུལ་གྱི་འཐུས་མི་རུ་ཁག་གིས་རྟིང་རྩོད་འགྲན་སྡུར་མ་སྤེལ་གོང་ལ་ངོ་མཚར་ཆེ་བའི་མཛའ་གྲོགས་འགྲན་བསྡུར་བྱས་ཏེ།  ས་གནས་གཉིས་ཀྱི་མི་དམངས་ཀྱི་ལུས་རྩལ་གྱི་སྙིང་སྟོབས་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་སྤུན་ཟླའི་བརྩེ་དུང་གང་ལེགས་པར་མངོན་ཡོད།  

ཀུའེ་ཀྲོའུ་ཁའེ་ལི་རུ་ཁག་གི་ངར་ཤུགས་སློང་མཁན་ཚོགས་པ།
             གཞན་ཡང་དེ་ཉིན་ད་དུང“མཐུན་སྒྲིལ་དང་། ཕུགས་འདུན་དོན་གཉེར། གསར་བརྗེ། ཁྱིམ་ཚང་དང་རྒྱལ་ཁབ”བཅས་བརྗོད་དོན་གཙོ་བོར་བྱས་པའི་དར་ཁྱབ་ཆེ་བའི་གླུ་གཞས་དང་། མི་རིགས་ཀྱི་གླུ་གར། དངོས་མཚོན་འཁྲབ་སྟོན་སོགས་ལྟད་མོ་ཆེ་བའི་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་ཤིང་། གླུ་གར་མཉམ་ལྡན་གྱི《ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ》ཞེས་པ་འཁྲབ་སྟོན་བྱས་མ་ཐག་འགྲན་བསྡུར་གྱི་བརྗོད་དོན་གཙོ་བོ“མི་རིགས་མཐུན་སྒྲིལ”མངོན་པར་མཚོན་ནས། མི་རིགས་ཁག་གི་བུ་ཕྲུག་ཚོ་མཉམ་འཛོམས་ཀྱིས་གླུ་ལེན་གར་འཁྲབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ནང་སེ་འབྲུ་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ཏེ་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱེད་པ་མཚོན་ཡོད། གླུ་གར་མཉམ་ལྡན་གྱི《ངའི་མེས་རྒྱལ》དང《ངའི་ཕ་ཡུལ》དང་། མཉམ་གཞས་ཆེན་པོ《རེ་བའི་ཞིང་ས》ཞེས་པ་སོགས་ལས་མི་དམངས་མང་ཚོགས་ཀྱིས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་སྨོན་འདུན་བཟང་པོ་མཚོན་པ་དང་། འགྲན་བསྡུར་བྱ་ཡུལ་དུ་ཡོད་པའི་ལྟད་མོ་བ་དང་སྤོ་ལོ་དབྱིངས་པ་ཚོས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི“གྲོངBA”ཡི་ལག་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་མཇུག་འགྲིལ་བའི་དཔང་པོ་བྱས་པ། འགྲན་བསྡུར་བྱ་ཡུལ་དུ་དགའ་འབོད་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་པ་བཅས་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པའི་ཁྲོད་ཚང་མས་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་ཡོད།

 ངར་སློང་རུ་ཁག་གི་རུ་མི་ཚོས་འཁྲབ་སྟོན་བྱེད་བཞིན་པ།

ཤིན་ཅང་གི་ངར་སློང་རུ་ཁག་གི་རུ་མི་ཚོས་འཁྲབ་སྟོན་བྱེད་བཞིན་པ།

 གླུ་གར་མཉམ་ལྡན་གྱི《ངའི་ཕ་ཡུལ》ཞེས་པ།

 དངོས་མཚོན་གླུ་གཞས《བདམས་རྩེའི་མིང་ཐོ》ཞེས་པ།
             “གྲོངBA”ནི་མང་ཚོགས་ཀྱི་དགའ་མོས་ཤིག་ཡིན་ལ། ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་ཞིག་ཀྱང་ཡིན་པ་དང་། དྲིལ་སྒྲོག་བྱེད་པའི་ལས་སྟེགས་ཆེན་པོ་ཞིག་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཤིག་ཀྱང་ཡིན།  “གྲོངBA”དར་ཁྱབ་ཆེ་རུ་ཕྱིན་ཚུན། དྲ་བ་ཡོངས་སུ་དོ་ཁུར་བྱེད་ཚད་དང་རྒྱུག་འབོར་དུང་ཕྱུར650ལྷག་ཙམ་ཟིན་པ་དང་ཆབས་ཅིག  “གྲོངBA”ནི་སྤོ་ལོ་རྒྱག་མཁན་དང་སྤོ་ལོར་དགའ་ཞེན་བྱེད་མཁན་ཚོའི་མཉམ་འཛོམས་ཆེན་པོ་ཞིག་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འདུ་འཛོམས་ཆེན་པོ་ཞིག་ཡིན་ལ། མི་རིགས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་དང་བསམ་པའི་ཤེས་དཔལ་གྱི་གསོལ་སྟོན་ཆེན་པོ་ཞིག་དེ་བས་ཀྱང་ཡིན། འགྲན་རའི་ཕྱི་ནང་དུ་མཐོང་རྒྱུ་ཡོད་པ་ནི་གཞུང་དྲང་ཟོལ་མེད་དང་ཞི་དུལ་བབ་ཆགས་ཀྱི་རྣམ་པ་ཡིན་ལ།  ཡིད་ཆེས་དང་སྙིང་དུ་སྡུག་པའི་འཛུམ་མདངས་རེ་རེ་དང་། དེ་བཞིན་མི་རིགས་ཀྱི་རྒྱན་གོས་གྱོན་པའི་མི་རིགས་ཁག་གི་སྤུན་ཟླ་ཚོས་ཕན་ཚུན་ལ་བཅངས་པའི་བརྩེ་བ་རྣམ་དག་རེད། དེའི་དམིགས་བསལ་གྱི་ཉམས་འགྱུར་དང་ཤུགས་རྐྱེན་ཆེན་པོ་ལས“གྲོངBA”དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། མི་རིགས་རིག་གནས་གསར་གཏོད་དར་རྒྱས། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་མིང་བྱང་མཛེས་ཤོས་ཤིག་ཏུ་གྱུར་ཡོད།

 སྤྲོ་སེམས་རབ་ཏུ་འཁོལ་བའི་ཀུའེ་ཀྲོའུ་ཡི་ངར་སློང་རུ་ཁག

 གཡུར་ཟའི་གྲུབ་འབྲས་ཐོབ་པའི་ཤིན་ཅང་ཡེ་ཁྲེང་གི་སྤོ་ལོའི་རུ་ཁག
             “གྲོངBA”ཡི་ལག་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དར་སྤེལ་བཏང་སྟེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལས་སྟེགས་ཤིག་ཧུར་ཐག་གིས་བསྐྲུན་ནས།  ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་རྒྱུར་སྐུལ་འདེད་བཏང་ཡོད།

རྩོམ་སྒྲིག་པ། རིག་གྲོལ།